Book Title: Nyaypraveshsutram Nyaypraveshvrutti Sahitam
Author(s): Aa Sempa Dorje
Publisher: Kendriya Uccha Tibbati Shiksha Samsthan
View full book text ________________ 26 སྒྲུབ་བྱེད་དེའི་ཆོས་ནི་ཐོགས་བ་མེད་དོ། །དཔེར་ན་གཞན་ལས་བཞིན་ཞེས་ བསྒྲུབ་བྱ་ལྡོག་བ་ལ་སྒྲུབ་བྱེད་མི་ལྡོག་བ་སྟེ། ཕ་རོལ་གྱི་ལས་རྣམས་ནི་ ཐོགས་བ་མེད་པའི་ཕྱིར་རོ། / གཉིས་ཀ་ལྡོག་བ་མེད་བ་ནི། ཡོད་བའི་བསྟན་བཅོས་ལ་ལྟོས་ན་ནམ་ མཁའ་བཞིན་ཞེས་བརྗོད་ན། ནམ་མཁའ་ནི་རྟག་བ་ཉིད་དང་། ཐོགས་པ་ མེད་པ་ཉིད་མི་ལྡོག་པ་སྟེ་ཞེས་ནམ་མཁའ་རྟག་པ་ཉིད་ཡིན་པའི་ཕྱིར་ཏེ། ཐོཊ་ བ་མེད་པའི་ཕྱིར་རོ། །ལྡོག་པ་བསྟན་པ་ནི་དཔེར་ན་བུམ་བ་བཞིན་ཞེས་བརྗོད་ ན། མི་རྟག་པར་མཐོང་བ ཉིད་དང་། ཐོགས་བཅས་སུ་མཐོང་བའི་ཕྱིར་རོ།། ལྡོག་བ་ཕྱིན་ཅི་ལོག་ཏུ་སྦྱར་བ་ནི་ཐོགས་བཅས་ཐམས་ཅད་མི་རྟག་བ་་་ ཡིན་ནོ་ཞེས་བརྗོད་བ་ལྟ་བུའོ།། དེ་ལྟར་བསྒྲུབ་བྱ་དང་། གཏན་ཚིགས་དང་། དཔེ་བརྗོད་བ་རྣམས་ ནི་ལྟར་སྣང་བ་ཡིན་ཏེ། སྒྲུབ་བྱེད་ཡང་དག་བ་ནི་མ་ཡིན་ནོ། / དེས་ན་རང་གིས་མངོན་བར་རིག་པར་བྱ་སྟེ། མངོན་་སུམ་དང་། རྗེས་སུ་དབག་བའི་ཚད་མ་གཉིས་ཁོ་ནར་རིག་བར་བྱའོ།། -- འདིར་མངོན་སུམ་ཚད་མ་ནི་རྟོག་བ་དང་བྲལ་ཞིང་མ་འཁྲུལ་བ་སྟེ། གཟུགས་ལ་སོགས་བའི་དོན་ལ་ཐ་སྙད་ལ་སོགས་བའི་རྡོག་པ་དང་བྲལ་བ་སོ་ སོར་མངོན་གྱུར་མཐོང་བས་མངོན་སུམ་ཚད་མར་བརྗོད་དོ།། རྗེས་སུ་དབག་བའི་ཚད་མ་ནི་རྟགས་རྣམས་ལ་ལྟོས་ན་དོན་མཐོང་བ་ཡིན་ཏེ། གཏན་ཚིགས་ནི་ཚུལ་གསུམ་པའི་སྔར་བསྟན་ཟིན་ཏོ། །དེ་དག་རྟོགས་ལ་ བརྟེན་ནས་དོན་རྣམས་དབག་བ་ཡིན་ལ། ཡང་དག་པའི་ངེས་བའོ ་ཤེས་པ་
Loading... Page Navigation 1 ... 412 413 414 415 416 417 418 419 420 421 422 423 424 425 426 427 428