Book Title: Nyaypraveshsutram Nyaypraveshvrutti Sahitam
Author(s): Aa Sempa Dorje
Publisher: Kendriya Uccha Tibbati Shiksha Samsthan
View full book text ________________ 182 ཞེས་བརྗོད་ན། ཅིའི་ཕྱིར་རྡུལ་ཕྲ་རབ་ལ་བསྒྲུབ་བར་བྱ་བ་རྟག་བ་ཉིད་ཡིན་པ་ སྒྲུབ་བྱེད་ཀྱི་ཆོས་ཐོགས་པ་མེད་པ་མ་གྲུབ་སྟེ། རྡུལ་ཕྲ་རབ་རྣམས་ཐོགས་ བཅས་ཉིད་ཡིན་པའི་ཕྱིར་རོ། / - བསྒྲུབ་བྱའི་ཆོས་མ་གྲུབ་བ་ནི་དཔེར་ན་ཚོར་བ་བཞིན་ཞེས་བརྗོད་ན། སྒྲུབ་ བར་བྱེད་བའི་ཆོས་ཐོགས་པ་མེད་པ་ཡོད་ཀྱང་བསྒྲུབ་བྱའི་ཆོས་རྟག་བ་ཉིད་མེད་ དེ་ ཚོར་བ་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ།། གཉིས་ཀ་མ་གྲུབ་བ་ནི་དེ་ལ་ཡང་གཉིས་ཡོད་དེ། ཡོད་བ་དང་མེད་ པའོ༑ །གལ་ཏེ་བུམ་པ་བཞིན་ཞེས་བརྗོད་ན། ཡོད་བ་མ་གཉིས་ཀ་མ་ གྲུབ་བའོ། །གལ་ཏེ་ནམ མཁའ་བཞིན་ཞེས་བརྗོད་ན། ནམ་མཁའ་མེད་པར་ འདོད་བའི་བསྟན་བཅོས་ལ་ལྟོས་ན་མེད་བ་ལ་གཉིས་ཀ་མ་གྲུབ་བའོ།། / མ་སྦྱར་བ་ནི་དོན་དེ་ལ་དཔེ་སྦྱར་བ་བཏན་མེད་པས་བུམ་པ་ལ སོགས་་་་ བ་ལ་སྒྲུབ་བྱེད་དང་བསྒྲུབ་བྱའི་ཆོས་གཉིས་འབའ་ཞིག་ཁོ་ན་སྟོན་པ་སྟེ་དཔེར་ ན་བུམ་པ་ལ་བྱས་པ་ཉིད་དང་མི་རྟག་བ་ཉིད་བརྗོད་བ་ལྟ་བུའོ། / ཕྱིན་ཅི་ལོག་ཏུ་སྦྱར་བ་ནི་གང་བྱས་བ་ཐམས་ཅད་མི་རྟག་པ་ཉིད་ཡིན་་་་ དེ་ཞེས་བརྗོད་པར་བྱ་བ་ལས་མི་རྟག་པ་ཐམས་ཅད་བྱས་བ་ཡིན་ཞེས་བརྗོད་་་ པའོ༑ །དེ་རྣམས་ནི་མཐུན་དཔེ་ལྟར་སྣང་ངོ་། / ཆོས་མི་མཐུན་པའི་དཔེ་ལྟར་སྣང་ནི་བསྒྲུབ་པར་བྱ་བའི་ཆོས་ལྡོག་པ་ས མེད་པ་ཡིན་ཏེ། རེ་ཞིག་དཔེར་ན་མི་རྟག་རྣམས་ནི་ཐོགས་བཅས་སུ་མཐོང་བ་ ཡིན་ཏེ་རྡུལ་ཕྲ་རབ་བཞིན་ནོ། རྡུལ་ཕྲ་རབ་ནི་བསྒྲུབ་བྱའི་ཆོས་རྟག་བ་ཉིད་མི་ ལྡོག་བ་ཡིན་ཏེ། དེ་མ་ཡིན་པའི་རྡུལ་ཕྲ་རབ་རྟག་བ་ཉིད་ཡིན་པའི་ཕྱིར།
Loading... Page Navigation 1 ... 411 412 413 414 415 416 417 418 419 420 421 422 423 424 425 426 427 428