________________ བྱའམ་, མཚོན་བྱ་དོན་གྱི་ཚད་མ་ནི་, འབྲས་བུའི་ཚུལ་དུ་བསྟན་ལ། སྒྲུབ་ བྱེད་དཔེའི་ཚད་མ་ནི་, ཐམས་ཅད་ལ་ཁྱབ་པའི་ཚད་མའམ་, ཡང་དག་པའི་ ཤེས་པ་ཉིད་ཡིན་ལ། དེ་ཉིད་ཀྱི་མཚན་ཉིད་དམ་ངོ་བོ་དང་། གྲངས་དང་། སྤྱད་ཡུལ་དང་། འབྲས་བུའི་ཚུལ་ལ་ལོག་པར་ཞུགས་པའི་ལག་ཞུགས་ རྣམས་, གཞུང་ལུགམ་གཞན་ལས་ཁྱད་ཞུཊ་པའི་སྒོ་ནས་ལེགས་པར་གསལ་་་་ བར་བྱས་ཏེ། ཤིང་རྟ་འི་སྲོལ་ཕྱེ་ཞིང་། གསུང་རབ་མཐའ་དག་གི་དགོངས་པ་ འགྲེལ་བར་མཛད་ད།། ཚད་མ་སྒྲུབ་པའི་ཚུལ་དེ་ཡང་མདོར་ན་རྣམ་བ་གཉིས་སུ་འདུས་ཏེ། ཤེས་བྱའི་གནས་རང་ཉིད་ཀྱིས་ངེས་པའི་ཐབས་དང་། གཞན་ལ་ཕྱིན་ཅི་མ་ལོག་ པར་སྟོན་པའི་ཐབས་གཉིས་སོ། །དེ་ལ་དང་པ ་ནི་མངོན་རྗེས་གཉིས་ཡན་ ལག་དང་བཅས་པ་སྟོན་པའི་གཞུང་རྣམས་ཀྱི་བཤད་དེ། མངོན་སུམ་ལེའུ་ དང་།། རང་དོན་ལེའུ་དང་། དེ་ལས་འཕྲོས་བ་སེལ་བ་བརྟག་པ་སྟེ་ ལེའུ་ གསུམ་གྱིས་རྒྱས་བར་བཤད་དོ༑ །ཕྱི་མ་ནི་, སྒྲུབ་ངག་དང་, སུན་འབྱིན་ སྟོན་པའི་གཞུང་ཡན་ལག་དང་བཅས་པ་རྣམས་ཀྱིས་བཤད་དེ། གཞན་དོན་ ལེའུ་དང་, དེ་ལས་འཕྲོས་བ་དབེ་བརྟག་བ་དང་། ལྟག་ཆོད་བརྟག་པ་སྟེ། ལེའུ་ལྷག་མ་གསུམ་གྱིས་བསྟན་ཏོ། །དེ་ལྟར་ལེའུ་དྲུག་གིས་དོན་རྫོགས་པར་ བཤད་1ད།། 1)ཁང་དག་བའི་ཤེས་བ་དེ , སློབ་དཔོན་ཕྱོགས་ཀྱི་གླང་བས་དོན་ཚན་དྲུག་ཏུ་བཏུས་ནས་, ཕྱི་ ཙམ་ཁག་བར་གཏན་ལ་འབེབས་བ་ (ཁ་)ཚདུ་མ་ཀུན་ལས་བཏས་བ་མཛད་དེ། དེ་ནི་མངོན་ཐུབ་