________________ ཞེས་གསུངས་པ་ལྟར།། ་ཚད་མ་ཀུན་བཏུས: དེ་ལ་འདིར་ཐེག་པ་ཆེན་པོ འི་སློབ་དཔོན་རྣམས་ཀྱིས་, གསུང་རབ་ ཀྱི་དགོངས་པ་འགྲེལ་ཚུལ་དང་། ཤེས་བྱའི་གནས་ལུགས་གཏན་ལ་འབེབས་ པའི་ཚུལ་མི་འདྲ་བ་དུ་མ་ཞིག་བྱུང་སྟེ། མགོན་པོ་ཀླུ་སྒྲུབ་ཡབ་སྲས་རྣམས་ ནི་, གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རྟེན་ནས་བྱུང་བའི་བྱ་བྱེད་ ལ་མི་བསླུ་བའི་ཆ་ནས་ཀུན་རྫོབ་བདེན་པ་དང་། དེ་རྣམས་ལ་རང་བཞིན་ གྱིས་གྲུབ་བ་རྣམ་པ་ཐམས་ཅད་དུ་བཀག་པའི་ཆ་ནས་དོན་དམ་བདེན་པའི་རྣམ་་་ གཞག་སྟེ། བདེན་པ་གཉིས་ཀྱི་སྒོ་ནས་གསུང་རབ་མཐའ་དག་འཆད་པར་ བྱེད་ལ། སློབ་དཔོན་ཐོགས་མེད་སྐུ་མཆེད་ལ་སོགས་པ་ནི་, ཤེས་བྱ་ཐམས་ བོད་ ཀུན་བརྟགས་, གཞན་དབང་, ཡོངས་གྲུབ་དང་གསུམ་དུ་བསྡུས་ཏེ་དེའི་ སྒོ་ནས་གསུང་རབ་མཐའ་དག་འཆད་བར་བྱེད་དོ། །འདི་དག་ནི་སྤྱིར་གསུང་ རབ་ཀྱི་དགངས་པ་འགྲེལ་ཚུལ་ཡིན་ལ། འདིར་ནི་, ཤེས་བྱའི་གནས་མཐའ་ དག་གཏན་ལ་འབེབས་བྱེད་ཀྱི་ཐབས་ཀྱི་གཙོ་བོ་ཚད་མ་ཡིན་ལ། ཚད་མའམ་ ཡང་དམ་བའི་ཤེས་བའི་རྣམ་གཞག་སྐྱོན་མེད་པ་ཞིག་ཤེས་ཏེ་ དེའི་རྗེས་སུ་ ཞུགས་ན། མངོན་པར་མཐོ་བ་དང་ ངེས་པར་ལེགས་པའི་ཚུལ་གང་ ལའང་མ་བསླུ་བར་ངེས་ཤིང་། ཚུལ་འདི་ལེགས་པར་ཐུགས་སུ་ཆུད་ནས་ སློབ་དཔོན་གྱིས་ཤེས་བྱ་མཐའ་དག་གཏན་ལ་འབེབས་བྱེད་ཀྱི་ཐབས་དམ་པ་, ཚད་མ་སྒྲུབ་པའི་གཞུང་འདི་རྩོམ་པར་མཛད་དུ། །དེ་ལ་འདིར་བསྒྲུབ་