________________ དེ་ལྟར་ན་, ཡང་དག་པའི་ཤེས་བ་འབྲས་བུ་དང་བཅས་བ་ལེགས་པར་ གཏན་ལ་འབེབས་བ་ནི་, འདིར་བརྗོད་བྱ་དང་། གཏན་ལ་ཕབ་བའི་དོན་ ལེགས་པར་རྟོགས་པ་ནི་དགོས་པ དང་། དེ་ལས་དོན་དམ་པའི་ཚད་མ་ཐམས་ ཅད་མཁྱེན་བའི་ཡེ་ཤེས་ཐོབ་བ་སོགས་ནི་, འདིར་དགོས་པའི་དགོས་པར་... བཞེད་བར་སྣང་ངོ་། །མདོ འི་དར་ཊིཀ་5, “བསྟན་བ་དང་སྟོན་བ་སྐྱོན་ མེད་བར་སྒྲུབ་པའི་ཕྱིར་ཏུ་, གཞན་གྱི་ཚད་མ་དགག་བ་དང་། རང་གི་ ཚད་མ་རྒྱས་པར་བསྒྲུབ་པ་བརྗོད་བྱ་དང་1།” ཞེས་སོགས་གསུངས་བ་ནི སངས་རྒྱས་བའི་བཤད་ཚུལ་ཁྱད་པར་བ་ཙམ་ཞིག་ཡིན་ལ། གཞུང་འདིར་ནི་ ཕྱི་ནང་དང་། རང་གཞན་གོང་གི་ཡང་དབང་དུ་མ་བྱས་པར་, ཤེས་བྱའི་ གནས་ལུགས་ཉིད་གཙོ་བོར་བྱས་ཏེ་, དེ་ལ་མི་སླུ་བའི་ཤེས་པ་ཉིད་སྐྱེས་བུའི་ འདོད་དོན་གྲུབ་པའི་འབྲས་བུ་ཅན་དུ་བསྟན་བར་མཛད་པ། དེ་ཉིད་ཤེས་ བ་རྒྱུད་ལྡན་གྱི་སྐྱེ་བ་ཐམས་ཅད་ཀྱི་བླང་དོར་གྱི་གནས་གསལ་བར་བྱེད་བ་་་ གསལ་བྱེད་ཐུན་མང་མ་ཡིན་བར་གྲུབ་བ་ན་ དེ་གང་ལ་མངའ་བའི་སྐྱེ་བོ ་དེ་ ཡང་བླང་དོར་གྱི་གནས་སྟོན་པ་ལ་ཚད་མར་བྱེད་དགས་ཚུལ་སོགས་བསྟན་པའི་ སྒོ་ནས་ཡང་དག་པའི་བསྟན་བ་དང་, སྟོན་པ་ཚད་མའི་ཚུལ་དུ་སྤྱིར་སྒྲུབ་པ་་་་ ཡིན་གྱི། བྱེ་བྲག་རང་གཞན་གྱི་ཕུགས སུ་ལྷུང་བའི་བསྟན་པ་དང་སྟོན་བ་སོཊ་ དང་། ཚད་མ་ལ་དགག་སྒྲུབ་མཛད་པར་མ་སྣང་ངོ་། །དེ་ཡང་དཔལ་ཆོས་ ཀྱི་གྲགས བས་ཇི་སྐད་དུ: མི་ཤེས་སྟོན་བར་བྱད་བ་ལ། / 1)ཚདག དོ འི་རྣམ་བཤད, in, * དུ, གཙང་དབར།