________________ 112 མཚར་བ་མང་པོ ་ཞིག་མཐོང་ཞིང་། བར་ལམ་བསྟན་པའི་ཉི་མ་, ལས་དང་ དུས་ཀྱི་སྦྱིན་པས་བསྒྲིབས་པས་ ལོ་པཎ་བནོ འི་ཚོགས་རྣམས་རང་གནས་ བཏང་སྟེ། ་ཞིང་གཞན་དུ་གཤེགས་པས་, བྱང་ཕྱོགས་བསྟན་པའི་ས་ཆེན་དེ་ སྟོང་བ་ལྟར་སོང་བ་ནི་ཡོངས་གྲགས་ལྟར་ལ། སླར་ཡུལ་དེར་ལས་ཀྱི་ཆོས་ འཕྲུལ་ཚབས་ཆེར་བྱུང་པར་བརྟེན་, བསྟན་བའི་མེ་རྩ་ནུབ་ལ་ཉེ་བ་ན། རྣམ་ དཀར་ཀྱི་འཕེན་པ་ཅུང་ཟད་མ་རྫོགས་པར་ལུས་པས་, བོད་ཀྱི་ཤེས་རིགས་ཀྱི་ གདྨ་འཕགས་ཡུལ་གྱི་གཞི་ཆེན་པོར་འངས་ཤིང་། དེ་དང་ལྷན་རང་ཉིད་ཀྱང་ ལས་ཀྱི་དབང་བཙན་བས་འཕགས་ཡུལ་འདིར་ལེགས་སྦྱར་གྱི་སྒྲ་སྐད་ལ་ཐོས་་ བགམ་བྱེ་བའི་སྐབས་ཤིག་ཐོབ།། ------- ''འ་ དུས་སྐབས་དེར་, ཝཱརཱཎསཱིའི་ཆེས་མཐོ ར་ལེགས་སྦྱར་སློབ་གྲྭ་སོགས་ ཚོས་མཐོ ༢་སློབ་གྲྭ་མང་པོར་ནང་བའི་ཚད་གཞུང་སོགས་ཀྱི་སློབ་གཉེར་ཆུ་་ མཐུད་བྱེད་སྲོལ་ཡང་འདུག་ཅིང་། རིགས་བ་ལ་འཇུག་བ་འདི་ཡང་སློབ་ ཚན་དུ་འདུག་ལ། ཡིན་ཀྱང་, དེ་གའི་མཁས་བ་རྣམས་གཞུང བཤད་སྐབས་ ལེགས་སྦྱར་གྱི་སྒྲ་ལས་གོ་བ་ཅུང་ཟད་རེ་ལེན་བ་མ་གཏོགས་ ཚད་གཞུང་ མན་ངག་དང་འབྲེལ་བའི་འཁྲིད་ཚུལ་མི་འདུག་པས། སེམས་ཕམ་ཆེན་པ་བྱུང་ ཞིང་།། བློས་མི་བཟོད་དེ་, དེ་གའི་སློབ་དཔོན་ཆེན་པོ་རྣམས་ལ་;[འཁྲིད་ཚུལ་ དེ་ལྟ་མིན་པའི་གཏམ འགའ་སྨྲས་བས་, ཁང་རྣམས་ཀྱིས་ངོས་ལེན་གནང་སྟེ། དེ་ལྟར་ཤིན་ཏུ་བདེན་, ད་ཁྱོད་ཀྱིས་ཚད་མ་འཁྲིད་ཚུལ་ཇི་ལྟར་ཡིན་ང་ཚོར་ བསྟན་དགོས, གསུངས་བར་, ལོ་འགའ་ཚུལ་དེར་འབད།