________________ lil ཞིང་།། བློ འི་རྩལ་རྫོགས་པ་འགའ་ཞིག་ལ་ནི་ དེ་ལྟ་བུའི་སྐྱོན་མི་མངའ་ བའང་ཡོད་ལ། སློབ་དབན་གྱི་འགྲེལ་བ་འདིར་ནི་, གོང་སྨོས་སྐྱོན་རྣམས་ མི་མངོན་ཞིང་། གཞུང་རྩ་བའི་དགོངས་བའི་རང་མདོག་ལེགས་བར་ཐོན་པ་ དང་། ཐ་ན་ངག་ཚིག་གི་སྦྱོར་བ་ཙམ་ལ་ཡང་, རང་གི་གྲུབ་མཐའི་ (གཉེར་ བུ་བ་དང་གཞན་སོགས) རང་སྐད་ཐན་མི་འདུག་བ་ནི། འགྲེལ་བྱེད་དང་། དེའི་འགྲེལ་བ་འདི་གཞན་ལས་གོང་དུ་འཕགས་པའི་སྒྲུབ་བྱེད་ཚད་མར་ངེས་་་ ས་ X/ འགྲེལ་བ་འདི་ཚིག་བརླིང་ལ་ཉུང་བས་, དེ་དག་གི་གསལ་བྱེད་དུ་ བར་ཤདེཝས དཀའ་འགྲེལ་ཞིག་མཛད་འདུག་ཀྱང་། དེར་མཛད་བ་བོ་ རང་གི་བསམ་ཚོད་ལ་སོགས་པ་འགའ་ཤོར་འདུག་བས། གསར་བུ་རྣམས་ ཀྱི་རྣ་བར་ཅང་མི་ཉམ་བར་བསམ་ནས། འདིར་འགྲེལ་བ་དང་མ་སྦྱར་མ། མཁས་བ་རྣམས་ལ་ནི་ གཞུང་འདི་གོ་བ་དཀའ་འགྲེལ་ལ་ལྟོས་མི་དག་ བས་, དེ་ཉིད་རྩ་བའི་འགྲེལ་བ་འདི་དང་སྦྱར་ཏེ་བསྒྱུར་བའི་ངལ་བ་མ་བྱས་ལ། ལས་དང་ཆེ་ལ་ཁོམས་བ་བྱུང་ན། དེ་ཡང་མཁས་བའི་སྤྱན་སྔར་འདྲེན་ཐུབ་ པའི་རེ་འདུན་དང་བཅས། ད་ལམ་མཁས་བ་རྣམས་ལ་དགྱེས་བའི་མཆོད་སྤྲིན་ དུ་འདི་ཙམ་ཞིག་གོ། འགྱུར་དང་ཞུ་དག་- འདི་ནས་རྒྱལ་བའི་བཀའ་བསྟན་བད་ g༩)ཀྱི་སྒྲ་ སྐད་ཀྱི་ཁྲི་ལ་མངའ་གསོལ་བྱེད་པའི་སྲོལ་བཟང་དབུ་བརྙེས་ནས་ལོ་བརྒྱ་ཕྲག་ - དྲུག་ལྷག་བཅུ་བརྒལ་བ་ལ་ཉེ་བ་ན་, སླར་ཕྱིར་ཕྱོགས་ཏེ་བལྟས་བས། སྔོན་ རབས་གནའ་བོ འི་ལོ་རྒྱུས་དང་, དུས་ཀྱི་བྲོ་གར་འགྲན་བཞིན་བའི་ཚུལ་ངོ་