________________ ii རིགས་པ་ལ་འཇུག་པ་འདི་ལ་ཡང་, འགྲེལ་པ་ཐན་ཐུན་འགའ་བོད་ སྐད་དུ་བྲིས་ཏེ། དེ་གཞན་རྣམས་ལ་ཧིན་སྐད་སོགས་སུ་བཤད་པས། ཀུན་ གྱིས་དོན་ཆ་ག་བ་ཞིག་བྱུང་། ཕྱིས་སུ་འདིའི་ལེགས་སྦྱར་རྩ་བ་དང་། གོང་ གསལ་འགྲེལ་བ་རྣམས་ཐོབ་བས་,དེ་ཤིན་ཏུ་ལེགས་བར་མཐོང་བ། རྩ་འགྲེལ་ མ་དཔེ་ལ་བལྟས་བས་, བོད་སྐད་དུ་བཞུགས་ཡོད་པའི་རིགས་འཇུག་དེ་ལ་ ཡང་, མ་དག་བ་དང་། གཞུང་ཚིག་ལྷག་ཆད་དུ་ཤོར་བ་མང་ཙམ་འདུག་ བ་དེ་རྣམས་ལ་བསྒྱུར་བཅོས་བྱས་ཏེ་ལན་འགའ་བྲིས། དེ་བཞིན་དུ་ རང་ཉིད་ གོ་བ་ལེན་བ་དང་གཞན་ལ་བཤད་བདེ་བའི་ཚུལ་རྣམས་མཐོང་ནས་སེང་བཟང་ གི་འགྲེལ་བ་དེ་ཡང་བོད་སྐད་དུ་བསྒྱུར་ཏེ་ལོ་འགའ་འཆད་ཉན་ཐན་ཐུན་རེ་བྱས། ཕྱིས་འདི་ལ་ཐོས་བསམ་བྱེད་བ་མང་བར་མཐོང་སྟེ། སྔར་གྱི་འགྱུར་མ་ལེགས་ བ་རྣམས་དང་, མ་དག་བ་རྣམས་ལེགས་བར་བཅོས། རྒྱ་དཔེ་རྩ་བ་དང་། རྩ་བའི་བོད་འགྱུར་སྣ་སྡེ་ཉི་ཧོང་སགས་ཀྱི་བསྟན་འགྱུར་ནང་བཞུགས་བ་རྣམས་ སུ་ཡང་ཚིག་རིས་མཐུན་མིན་བྱུང་བ་རྣམས་ལ་དཔྱད། ལེགས་སྦྱར་གྱི་དཔེ་ གསུམ་འགྲེལ་བ་དཀའ་འགྲེལ་དང་བཅས་བ་རྣམས་ལ་གཏུགས་ཏེ་ལེགས་པར་ བཅོས་མ། ཟུར་བརྗོད:- རྩ་གཞུང་འདི་ལེགས་སྦྱར་ལས་བོད་སྐད་དུ་; ཁ་ཆེའི་ བརྗིད་ཆེན་པོ་ཐམས་ཅད་མཁྱེན་བ་དབལ་སྤུང་དང་། བོད་ལ་ཤཱཀྱའི་དགེ་ སློང་གྲགས་བ་རྒྱལ་མཚན་དཔལ་བཟང་བོས་བསྒྱུར་ལ། ཡང་རྒྱ་ནག་གི་སྐད་ ལས་བད་སྐད་དུ་ རྒྱའི་དགེ་བཤེས་སེང་གུང་ཇུ་དང་། བོད་ལ་སྟོན་གཞན་