________________ 91? ཡོད་སྙམ་སྟེ། དེ་ཉིད་འཚོལ་ཐབས་སུ་, སྔོན་རབས་ལ་རྒྱུས་དང་། ས་ དང་, རྡོ་དང་, རི་དང་ ཆུ་ཀླུང་སོགས་ཀྱིས་བདག་གིར་བྱས་ཡོད་ པའི་རྡོ ་ཡིག་དང་ཟངས་ལྕགས་གསེར་དངུལ་ལ་སོགས་ཀྱི་གླེགས་བུར་བྲིས་ ཡོད་བའི་གནའ་བྲིས་སོགས་དང་། ཁྱད་པར་དུས་རབས་དེ་དང་དེར་བྱུང་ཡོད་ པའི་གསུང་རབ་གཞུང་ལུགས་ཡིག་ཐོག་ལ་འཁོད་པ་རྣམས་ཏེ། སྔོན་གནས་ གསལ་བྱེད་ཀྱི་ཆ་རྐྱེན་གསུམ་ཚོགས་ཀྱི་མེ་ལོང་ཆེན་པོར་ཡང་དང་ཡང་དུ་ངལྟས་ པས༑ རྨད་དུ་བྱུང་བའི་གནས་ཚུལ་མང་དུ་མཐོང་ཞིང་། ཁྱད་པར་དུ་ བར་ལམ་ (ཕྱི་ལོ་མ་ཚུགས་གོང་བརྒྱ་ཕྲག་དྲུག་པ་ནས་ ཕྱི་ལོ་བརྒྱ་ཕྲག་ ལྔ་བའི་བར་) ཤེས་བྱའི་དཀྱིལ་འཁོར་ཆེན་བ་འདི་ལ་ མི ་ཟད་པའི་རྣམ་ དཔྱོད་ཀྱི་ནུས་མཐུ་མངའ་བ་རྣམས་ཀྱིས་, རིགས་པའི་གོམ་འགྲོས་ཅུང་ཟད་ སྨྲ་བ་མ་བཟོད་པས་, དེ་ལ་གཡོ་འགུལ་ཡོ་ལང་ཚེན་བ(shའ ག་ Movement)ལན་གསུམ་ཙམ་བྱུང་བར་མཐོང་ཞིང་། (སངས་རྒྱས་དང་, ཀླུ་ སྒྲུབ་དང་, ཕྱོགས་གླང་གི་སྐབས་) དེ་ཡང་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་དོན་དང་ སྙིང་པ གསལ་བར་བྱེད་པའི་གསལ་བྱེད་ཀྱི་ཚུལ་དུ་སྟེ། རྩ་བ་དང་, སྙིང་ བ་གསལ་བར་བྱེད་པའི་རྣམ་བཤད་ འ གྲེལ་བཤང,་ དཀའ་གནས་ གསལ་བྱེད་ཀྱི་ཉི་མ་གཞོན་ནུ་དུ་མ་དུས་དང་ཕུགས་ཀུན་ནས་བློ་གྲོས་ཀྱི་ཆུ་་་་ གཏེར་ལས་གནས་ལུགས་ཤེས་བྱའི་ནམ་མཁར་འཕེས་པར་མཐོང་བ ན། འདི་ དག་གི་བྱེད་པོ་སུ་ཞིག་ཡིན་སྙམ་སྟེ་བཙལ་པས་, གོ ་རིམ་བཞིན་, ཀུན་མ་ཁྱེན་ བུ་རམ་ཤིང་པ་དང་ བསྟན་ པའི་གསལ་བྱེད་ཀླུའི་མཚན་ཅན་དང་། ཁྱད་