SearchBrowseAboutContactDonate
Page Preview
Page 107
Loading...
Download File
Download File
Page Text
________________ བར་ཤེས་བྱའི་ཕུགས་ཀུན་མ་ལུས་བ་རྣམ་དཔྱོད་ཀྱི་ཚད་ལ་འཇམ་བཟོད་པའི་ ངོ་མཚར་གྱི་གླང་བ་མ་ཏངྒེ་བ་མིའི་ཤ་ཚུགས་ཅན་དེ་ཡིན་པར་ཀུན་གྱིས་ལེགས་ པར་གཟིགས་སོ།། སྙིང་དོན་:- མདོར་ན་ ཕྱི་ལོ་འག་མ་ཚུགས་གོང་གི་འདས་ལ་ བརྒྱ་ཕྲུག་དྲུག་པའི་ནང་, རྒྱལ་བ་ཉི་མའི་གཉེན་བྱོན་ཏེ། ས་འདིའི་ཤེས་ཚད་ རིག་གཞུང་སོགས་, ཕྱི་ནང་གི་ཀུན་སྤྱོད་གཤིས་ལུགས་ཐམས་ཅད་ལ་ སྔོན་ མེད་སྣང་བ་གསར་བ་ཐོབ་སྟེ། མི་རིགས་ཐམས་ཅད་དེའི་གསུང་རབ་དང་ ལེགས་བཤད་ཀྱི་རོ་ལ་ལོངས་སྤྱད། དེ་ལྟར་སྐལ་བཟང་འབྲས་བུའི་དུས་ཀྱི་ ཀྱི་སྣང་བ་དེ, ལས་དང་དུས་ཀྱི སྤྲིན་བས་ཅུང་ཟད་ཉམ་དམའ་བར་སོང་བ་ན། འཕགས་བ་ཀླུའི་མཚན་ཅན་ལ་སོགས་བས་བསྟན་པའི་ཉིན་བྱེད་སླར་ཡ་ང་ཤུར་ རིའི་ཧྥ་ལ་མངའ་གསོལ། དེ་ཡང་རིམ་གྱི་བློ འི་ནུས་པ་དམན་བ་དང་། གཞུང་ ལུགས་ཀྱི་དྲི་མ་མང་བོས་ནག་ནོག་ཏུ་བྱས་བར་གཎིགས་ཏེ། གཞལ་བྱ་ཡུལ་ གྱི་གནས་ལུགས་དང་། འཇལ་བྱེད་ཚད་མའི་ཚུལ་མ་མ་རྟོགས་བ་དང་། ལོག་ བར་རྟོགས་པའི་སྐྱོན་དང་དྲི་མ་མ་ལུས་པར་བསལ་ཏེ། རྒྱལ་བསྟན་གསལ་ བ་དང་ལྷན་ཅིག་ སྐྱེས་བུའི་དོན་ཐམས་ཅད་གྲུབ་པའི་འབྲས་བུ་ཅན་, ཡང་ དག་བའི་ཤེས་བ་རྒྱུ་དང་བཅས་བ་རྒྱས་པར་བཤད་དེ། གཞལ་བྱའི་གནས་ གསུམ་དང་། འཇལ་བྱེད་མངོན་རྗེས་ལ་སོགས་པའི་ཚད་མ་འབྲས་བུ་དང་ བཅས་བ་ལེགས་པར་གཏན་ལ་ཕབ་བ་ན། སླར་གླིང་འདིར་རྣམ་དབྱེད་རིགས་ གཞུང་གི་ཚུལ་ལ་ནུས་བ་དང་, མཐུ་ཕུལ་དུ་བྱུང་བའི་འགྱུར་བ་ཆེན་པོ ་ཞིག་
SR No.004342
Book TitleNyaypraveshsutram Nyaypraveshvrutti Sahitam
Original Sutra AuthorN/A
AuthorAa Sempa Dorje
PublisherKendriya Uccha Tibbati Shiksha Samsthan
Publication Year1983
Total Pages428
LanguageTibatian
ClassificationBook_Other
File Size23 MB
Copyright © Jain Education International. All rights reserved. | Privacy Policy