________________ ལྡོག་སྟེ་གསང་སྔགས་ནི་ཕྱིའི་དངོས་པོ་ཙམ་མམ་ཚེ་འདི་ཁོ་ནའི་བདེ་དོན་སྒྲུབ་བྱེད་ཙམ་་ མ་ཡིན་པར་བླ་མེད་རྫོགས་བྱང་གོ་འཕང་དུས་ཆེས་ཐུང་ངུའི་ནང་ཐོབ་པར་བྱེད་པའི་ཐབས་་ ཚང་ལ་མ་ནོར་བ་སྟོན་པར་བྱེད་པ་ཡིན། ཆེས་ཟབ་པའི་ཐབས་ཚུལ་དེ་དག་རྒྱུད་མ་སྨན་ པའི་སྐྱེས་བུར་ཁྲོམ་བསྒྲགས་སུ་སྟོན་ན་དགེ་ཆུང་ཉེན་ཆེའི་སྐྱོན་དུ་མ་འབྱུང་སྲ ད་པས་རྒྱུད་་་་ སྡེ་རྣམས་ལ་གསང་སྔགས་ཀྱི་ཐ་སྙད་བྱེད་པ་ཡིན། དེས་ན་གསང་སྔགས་ཀྱི་ཆོས་ལ་ ལོག་རྡོག་དང་ཉེས་སྤྱོད་འབྱུང་ཉེ་བ་དག་དྭ གས་ཟོན་ཆེན་པོས་འགོག་ཐབས་བྱ་གལ་ཆེ་་་་་ ཞིང་། དེའི་སླད་དུ་ཁུངས་ལྡན་གྱི་རྒྱུད་སྡེའི་གསུང་རབ་རྣམས་ལ་ཉམས་ཞིབ་ཚད་ལྡན་ བྱས་ཏེ་ཚན་རིག་དང་མཐུན་པའི་ཞུ་སྒྲ ག་དང་དཔར་སྐྲུན་བྱ་གལ་ཤིན་ཏུ་ཆེ་བར་མཐོང་། / དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འདི་ནི་སྔགས་བླ་མེད་ཀྱི་ནང་ནས་ཤིན་ཏུ་གལ་ ཆེ་བ་ཞིག་ཡིན་པར་མ་ཟད་རྒྱུད་སྡེ་གཞན་དང་བཤད་སྲ ལ་མི་མཐུན་པའི་གྲུབ་མཐའི་རྣམ་་་ བཞག་དུ་མ་ཞིག་སྟོན་པ་དང་ཆབས་ཅིག་རྒྱུད་སྡེ་གཞན་ཀུན་དང་འབྲེལ་བ་གཏིང་ཟབ་ཡོད་ པ་ཞིག་ཡིན་པར་བརྟེན་གཞུང་འདི་ལ་ཐོས་བསམ་བྱེད་ན་གསང་སྔགས་ཀྱི་ཁྱད་ཆོས་དུ་མ་་ རྟོགས་ནུས་པ་དང་། ལྷག་པར་གཞུང་འདིར་མཁའ་དབྱིངས་གོ་ལའི་རིག་པ་དང་། ས་གཤིས་རིག་པ། སྐར་རྩིས། ཚེའི་རིག་བྱེད། བཟོ་རིག་པ་སོགས་ཐུན་མོང་དང་ ཐུན་མེན་གྱི་རིག་གནས་རང་དབང་བ་མང་པོ་ཞིག་ཀྱང་རྡོགས་ནུས་པ་ཡིན། དད་པ་དང་ ལྡན་པའི་བརྒྱུད་འཛན་རྣམས་ཀྱིས་རྒྱུད་སྡེ་འདི་ཉིད་སྙིགས་མའི་དུས་འདིར་བྱིན་རླབས་་་་ འཕྲི ན་ལས་ཀྱི་མྱུར་ཁྱད་ཁྱད་པར་དུ་འཕགས་ཤིང་ཤིན་ཏུ་དགོས་མཁོ་ཆེ་བ་ཞིག་ཡིན་་་་་ པར་ཡིད་ཆེས་བྱེད་ཀྱི་ཡོད། དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ཀྱི་རྒྱལ་པོ་དང་དེའི་འགྲེལ་བཤད་རྒྱས་ པ་དྲི་མ་མེད་པའི་འོད་འདི་ནི་རྒྱུད་སྡེ་འདིའི་གཞུང་ལུགས་ཐམས་ཅད་ཀྱི་སྙིང་པོའམ་་་་་ ( viii )