________________ དཔར་སྐྲུན་པའི་ཆེད་བརྗོད། / / དེང་རབས་ཀྱི་མཁས་དབང་ལོ་རྒྱུས་རིག་པར་གཙགས་སུ་མཛད་པ་རྣམས་ཀྱིས་ པལིའི་སྡེ་སྣོད་གསུམ་འབའ་ཞིག་སྔོན་བྱུང་དང་སངས་རྒྱས་ཀྱི་བཀའ་ཚད་ལྡན་ཡིན་གྱི། ཐེག་པ་ཆེན་པའི་སྡེ་སྣོད་དང་རྒྱུད་སྡེ་རྣམས་ཕྱི་རབས་སུ་ཡར་རྒྱས་ཕྱིན་པའི་གསར་རྩོམ་་་ ཡིན་པར་བཞད་མོད། བརྒྱུད་ལྡན་གྱི་ནང་པའི་མཁས་པ་སྤྱི་དང་ཁྱད་པར་བོད་ཀྱི་བརྒྱུད་ འཛིན་རྣམས་གོང་གསལ་གྱི་བཞེད་པ་དག་ཁས་མི་ལེན་པར་མ་ཟད། ཐེག་པ་ཆེན་པའི་ སྡེ་སྣོད་དང་རྒྱུད་སྡེ་མཐའ་དག་སངས་རྒྱས་ཀྱི་བཀའ་ཚད་ལྡན་དུ་འདོད་པ་ཡིན། ད་ བར་སྐབས་དེང་རབས་ཀྱི་ཉམས་ཞིབ་པ་མང་པོས་འབད་བརྩོན་གྱིས་འཚོལ་ཞིབ་ བྱས་པའི་འབྲས་བུར་དུས་རབས་ཆེས་སྔ་བའི་རྙེ ད་དཀའི་དཔེ་རྙ ང་མང་པོ་རྙེད་པ་དང་་་་ དེ་དག་གཟུ་བོའི་བླ ས་ཉམས་ཞིབ་བརྟག་དཔྱད་བྱས་པའི་གྲུབ་དོན་རྣམས་རང་རེའི་སྔོན་་་་་ སྲ ལ་གྱི་བཞེད་རྒྱུན་ལ་རྒྱབ་རྟེན་བྱུང་ཡོད། གསང་སྔགས་ཀྱི་རིག་པ་འདི་ནི་ནང་དོན་རིག་པ་ཁྱད་འཕགས་ཤིག་ཡིན་པར་ མ་ཟད་བརྒྱུད་ལྡན་བླ་མ་ལས་ཉན་ཏེ་ཐོས་བསམ་ཚད་ལྡན་ཞིག་བྱེད་པ་ཡིན་ན་སྔགས་ཀྱི་་ རིག་གཞུང་དུ་ནང་པའི་ཆོས་ལུགས་གྲུབ་མཐའ་དང་འགལ་བའ ་ི་དོན་གནད་ཅི་ཡང་མེད་་་་ པའི་ངེས་པ་རྙེ ད་ཐུབ། གསང་སྔགས་ཀྱི་སྐོར་ལ་སྐྱེ་བོ་རང་འགའ་བ་མང་པོར་སྒྲ་ བསྐུར་གྱི་ལོག་རྟོགས་སྣ་ཚོགས་ཤིག་ཡོད་པར་མངོན་ཞིང་། ལ་ལས་སྔགས་ཞེས་པ་ མིག་འཕྲུལ་དང་སྒྱུ་མའི་གཞུང་ཙམ་དུ་འཁྲུལ་པའང་ཡོད་མོད། དངོས་དོན་དུ་དེ་ལས་ ( vii)