________________ རྩ་བ་ལྟ་བུ་ཡིན་སྟབས་འདི་ཉིད་དེང་དུས་དང་མཐུན་པའི་དག་ཞུས་དང་དཔར་སྐྲུན་བྱེད་རྒྱུ་ ཧ་ཅང་གལ་གནད་དང་ཕན་ཐོག་ཆེ་ང་གདོན་མི་ཟ་བས་དེ་འདྲའི་ལས་དོན་ཞིག་འགྲུབ་ན་་ སྙམ་པའི་རེ་འདུན་འདུས་པའི་ལོ་མང་པོ་ཞིག་ནས་བྱེད་བཞིན་ཡོད་ཀྱང་གཞུང་འད་ཤིན་་་ ཏུ་ཟབ་ཅིང་རྒྱས་ལ་རྡོགས་པར་དཀའ་བས་མཁས་པ་སུས་ཀྱང་ཚུལ་འདིར་འཇུག་པའི་་་ སྤོབས་པ་བྱེད་མ་ནུས། སློབ་དཔོན་ཆེན་པོ་འཇིག་རྟེན་མགོན་པོ་མཆོག་ན་ནང་པའི་ཆོས་དང་མཚན་ཉིད་ ལ་མཁས་པའི་གྲགས་པ་ཐོབ་པ་ཙམ་མ་ཡིན་པར་འཕགས་ཡུལ་དུ་ནང་པའི་རིག་གནས་་ བསྐྱར་གསོ་ཁྱབ་སྤེ ལ་གྱི་ལས་དོན་ཐོག་ཐུགས་འཁུར་ཆེན་པོ་གནང་མཁན་གྱི་ལོ་རྒྱུས་་་་ དང་ལྡན་པའི་སྐྱེས་བུ་ཞིག་ཡིན་པ་ཁོང་གས་ཉེ་ཆར་ལོ་འགའ་ཤས་ནས་གསང་སྔགས་ཀྱི་ སྐོར་གསན་བསམ་གཏིང་ཟབ་གནང་བ་དང་མཉམ་དུ་གཞུང་ཆེན་འདི་ཉིད་དག་ཞུས་དཔར་ སྐྲུན་གནང་རྒྱུའི་ཐུགས་འདུན་དམ་བཅའ་གནང་སྟེ་ལོ་གྲངས་དུ་མའི་རིང་གུས་རྟག་ག་་་་་་ བརྩོན་པ་ལྷོད་མེད་གནང་བའི་འབྲས་བུར་ལས་དོན་འདི་ཡོངས་སུ་གྲུབ་སྡེ་འདི་ག་མཐོ་་་་ སློབ་ཀྱི་འཕགས་བོད་པོད་ཕྲ ང་གྲངས་བཅུ་གཅིག་པའི་ཁོངས་སུ་དཔར་སྐྲུན་ཞུ་རྒྱུའི་གོ་ སྐབས་བསྩལ་བ་འདིར་ཁོ་བོས་ཁོང་ལ་ལེགས་སོ་ཞུ་རྒྱུ་དང་། གལ་གནད་ཆེ་ཞིང་སྔོན་ ཆད་དཔར་དུ་མ་བསྐྲུན་པའི་གསུང་རབ་འདི་བོད་ཀྱི་མཐོ་སློབ་ནས་ཐོག་མར་དཔར་སྐྲུན་ཞུ་ རྒྱུའི་གོ་སྐབས་བྱུང་བ་འདིར་ཡི་རང་དང་དགའ་སྤོབས་ཆེན་པོ་ཡོད། ཕྱི་ལོ་ 1ec* ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་ཀྱི་འཁོར་ལོའི་དབང་ཆེན་ གྱི་སྐབས་དེར་ལྷར་བཅས་སྲ ད་ཞིའི་གཙུག་རྒྱན་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་ གི་ཕྱག་གི་པད་མོར་ཡོངས་སུ་ཕུལ་ཏེ་དཔར་སྐྲུན་དབུ་འབྱེད་གནང་བ་ནི་ཤིན་ཏུ་སྐལ་བ་་་ ( ix)