________________ སྒྲུབ་བ་དང་ནི་སུན་འབྱིན་ཉིད། / ལྟར་སྣང་བཅས་བ་གཞན་རྟོགས་ཕྱིར།། མངོན་སུམ་དང་ནི་རྗེས་སུ་དབག / ལྟར་སྣང་བཅས་པ་བདག་རིག་ཕྱིར། 1 / ཞེས་གསུངས་ཏེ། འདིར་བསྟན་ཚིག་དོན་བརྒྱད་པ ་ཉིད་, སློབ་དབན་གྱི་ ཚད་གཞུང་གཞན་ཀུན་གྱིའང་བཤད་བུར་སྣང་ངོ་། ཀུན་བཏུས་དང་, སྡེ་ བདུན་ལ་སོགས་པ་རྣམས་སུ་, བདེན་བཞི་དང་། བདེན་གཉིས་དང་། རྣམ་ རིག་ཙམ་གྱི་ཚུལ་རྣམས་བསྟན་མོད། དེ་དག་ནི་, སྒྲུབ་བྱེད་ཚད་མ་དང་། འཇལ་བྱེད་ཚད་མའི་དོན་ལྡོག་མི་སླུ་བ་གཏན་ལ་འབེབ་པ་ན། གཞལ་བྱ ཡུམ་ སྟེང་དུ་དོན་བྱེད་ནུས་པར་གནས་པར་གཏན་ལ་འབེབ་དགོས་བ་ལས་འཕྲོས་་་ ནས་བཤད་པ་ཙམ་ཡིན་གྱི རྟོག་གེ་ཚིག་དོན་བརྒྱད་ལས་གཞན་, ཚིག་དོན་ དགུ་བ་སོགས་ཀྱི་བཤད་པ་བྱས་བ་མ་ཡིན་ནོ། རིགས་པ་ལ་འཇུག་པ་འདིར་ནི་, གང་གསལ་ཚིག་དོན་བརྒྱད་པ ་དེ་ རྣམས་ཀྱི; མཚན་ཉིད་དང་། མཚོན་བྱ་དང་། མཚན་གཞི་དཔེ་ལ་མཚན་ ཉིདཾ ངེས་ཚུལ་བསྟན་བ་སྟེ། དེ་གསུམ་ཙམ་ལས་, འཕྲོས་དོན་དང་། བརྒལ་ ལན་སོགས་དགག་བཞག་སྤངས་གསུམ་སོགས་སྤྲོས་བཤད་གང་མཛད་མི་འདུག་ བས་ བྱིས་བ་རིགས་པའི་གཞུང་ལ་འཇུག་པའི་སྒོ་ཙམ་ཞིག་བསྟན་འདུག་ པས་མིང་དོན་མཐུན་བར་གནས་སོ།།