________________ 65 གཞུང་འདིའི་བྱེད་པ་བདེ་བྱེད་བདག་པ ་ཡིན་པར་ཁས་ལེན་པའི་ཕུགས་ལ་ སྒྲུབ་བྱེད་ཀྱི་རིགས་པ་གསལ་ཁ་མེད་སྟབས་ཡིད་བརྟན་དཀའ་བ་དང་། ལྷག་ པར་ཚད་མ་ཀུན་བཏུས་རྒྱ་སྐད་ལ་ཡོད་པ་མི་གསལ་ཞིང་། འདི་དང་ཕྱོགས་ གླང གི་སྐོར་ལ་དེང་སྒྲུང་གཏམ་ཡང་མང་ཙམ་ཡོད་སྣང་ངོ་།། གཞན་ཡང་, ད་ལྟ་ཧར་བོད་རྒྱ་གར་སོགས་ལ་བཞུགས་ཡོད་པའི་ནང་ པའི་བཀའ་བསྟན་དང་། དེ་དག་གི་ལ རྒྱུས་དང་། མཁས་པའི་བྱུང་རིམ་ སོགས་ལ་, ཕུགས་གླང་གི་སློབ་མར་གྱུར་པའི་བདེ་བྱེད་བདག་པོ ་ཟེར་བའི་ སློབ་དཔོན་ཞིག་ཡོད་པར་མི གསལ་ལ། དེས་མཛད་པའི་བསྟན་བཅོས་གཞན་ དང་ཁུངས་ལྡན་ལ རྒྱུས་མ་ཐོབ་ཅིང་། སྔོན་མགངྒཱར་ ་བདེ་བྱེད་བདག་པོ་ ཞེས་བ་ལྷ་ལས་ཕུལ་བྱུང་གི་བསྟོད་བ་མཛད་མཁན་ཞིག་བྱུང་མོད། དེ་ནི་; འཕགས་པ་ཀླུ་སྒྲུབ ལས་ཀྱང་སྔ་བས་, ཕྱོགས་གླང་གི་སློབ་མར་འང་དོན་མེད། བདེ་བྱེད་དགའ་བོ " ཞེས་པའི་སློབ་དཔོན་ཞིག་དུས་ཕྱིས་བྱུང་མེད་, དེ་ནི་ སློབ་དཔོན་ཆོས་གྲགས་ལས་ཀྱང་དུས་ཕྱིས་བས་ ཕྱོགས་གླང་གི་སློབ་མ་ ཡིན་པ་མི་སྲིད་དོ།། སློབ་དཔོན་དབང་ཕྱུག་སྡེ་དང་བདེ་བྱེད་བདག་པོ་ རྒྱ་སྐད་ལ་མིང་གི་བྱིངས་དོན་འདྲེས་ཏེ་མིང་དེ་གཉིས་རྣམ་གྲངས་སུ་སོང་བའང་ སྲིད་མོད་, འོན་ཀྱང་བདེ་བྱེད་བདག་པོ་རིགས་པར་འཇུག་བ་འདིའི་བྱེད་པ་ བར་འདོད་པ་རྣམས་ཀྱིས་དེ་གཉིས་ཀའི་མཚན་ཐོ་དད་བཀོད་འདུག་བས་I, ) (+5) Dhruva's: Nyayapraves'a, Introduction-P. xiii. (ख) धर्मोत्तरप्रदीपभूमिका- पृ० 41, - दलसुखभाई (r)གལiའི་ཅུའུ་ཡི་ནi g* ད, - ་ཞ༩ གཅན |.