________________ གཏན་ཚིགས་ཀྱི་འཁོར་ལ:– གཏན་ཚིགས་ཀྱི་འཁོར་ལོའམ་ཕྱོགས་ ཆོས་འཁོར་ལ་ཡང་, བསྟན་བཅོས་ཐོར་བུ་བའི་ནང་ཚན་ཞིག་སྟེ། འདི་ལ་ གཞུང་ཚད་ཤཱཀ་བཅུ་གཅིག་དང་རྐང་བ་གཅིག་ཡོད་ལ། ཕལ་ཆེར་ཚད་མ་ རིགས་པ་ལ་འཇུག་བའི་དོན་བསྡུས་ལྟར་འདུག་ཅིང་། བོད་ཀྱི་ཚད་གཞུང་ མང་བོར་འདི་ནས་ལུང་དྲངས་པ་མང་ཡང་ སྣ ར་ཐང་དང་ སྡེ་དགེའི་ བསྟན་འགྱུར་ནང་བཏུགས་པའི་དཔེ་གཉིས་སུ་ལུང་འདྲེན་གྱི་ཚིག་དེ་དག་དང་་་ ཚིག་རིས་ཤིན་ཏུ་མི་མཐུན་པ་མང་བ་འདུག་ཅིང་། དེ་རྣམས་གཞུང་ཐ་དད་ བའམ་ལོ་ཙ་བའི་འགྱུར་ཁྱད་ཡོན་འབུད་དགོས་ཀྱང་ལེགས་སྦྱར་གྱི་མ་དཔེ་མ་ ཐོབ་པས་དཀའ་བར་སྣང་། / རིགས་བ་ལ་འཇུག་བ:- ཚད་མ་རིགས་པ་ལ་འཇུག་པ་འདི་རྡོག་ གེའི་བསྟན་བཅོས་ཀྱི་ལུས་ཆ་ཚང་ལ་ གནད་ཀུན་བསྡུས་པ་ཞིག སྟེ། རིཊ་ བའི་མདོ་ཀུན་ལས་ཁྱད་པར་དུ་འཕཊ་བ་ཞིག་གོ །འདི་ནི་སློབ་དཔོན་ཀྱི་རྡོག་ གེའི་བསྟན་བཅོས་ཀུན་གྱི་ཕྱི་མོ་དང་། རྩ་བ་ཉིད་དུའང་སྣ་ང་སྟེ། ཀུན་ལས་ བཏུས་བ་ལ་སཊ་ཚད་གཞུང་གཞན་རྣམས་ཀྱིས་ནི། འདི་ཉིད་ཀྱི་བརྗོད་བྱ་རྟོག་ གེ་ཚིག་དོན་བརྒྱད་ཁོ་ན་རྩལ་དུ་བཏོན་ནས་བཤད་པ་ལས་རྟོག་གེ་ཚིག་དོན་ཟུར་ བ་གཞན་གང་ཡང་མ་བཤད་དོ། །འདི་ལྟ་བུའི་གཞུང་འདི་ལ, ཕྱི་ནང་གཉིས་ ཀའི་ཕྱོཊ་ནས་མཁས་པ་རྣམས་ཀྱི་འགྲེལ་བ་འགྲེལ་བཤད་ཡོད་པ་མི་གས་མ་.. ལ་༑ སྣར་ཐང་བསྟན་འགྱུར་དཀར་ཆག་ཏུ་འདི་ལ་རྒྱ་གར་གྱི་འགྲེལ་བ་ཞིག་ ཡོད་པ་གསལ་ཡང་། དེ་ད་ལྟ་ལག་སོན་སྣར་ཐང་བསྟན་འགྱུར་ནང་བཞུགས་ མི་འདུག་ཅིང་། རྒྱ་བོད་ཀྱི་ཚད་གཞུང་ཆེན་མོ་རྣམས་སུ་ཡང་དེ་ཡོད་པའི་