________________ 59 དབང་པོ ༢་རྣམ་པར་རིག་བའི་རྒྱུ། / ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། དེར་མི་སྣང་ཕྱིར་དེ་ཡི་ཡུལ། / རྡུལ་ཕྲན་མ་ཡིན་དབང་བ་བཞིན། / 1| དམིཊ་༣ ] ཞེས་སོགས་གསུངས་བ་ལྟར་རོ།། -- བསྟན་བཅོས་འདིའི་གཞུང་ཚད་ནི་, རྩ་བའི་ཚུལ་དུ་གློག་བརྒྱད་དང་། དེའི་རང་འགྲེལ་གྱི་ཚུལ་དུ་དེ་ལས་གསུམ་འགྱུར་ལྷག་ཙམ་ཞིག་ལས་མེད་དོ།) གཞུང་ཚད་ཤིན་ཏུ་ཉུང་མོད་, འདི་ནི་ཤིན་ཏུ་གྲགས་ཆེ་སྟེ། ་རིགས་བའི་རྗེས་ འབྲངས་ཀྱི་སེམས་ཙམ་བ་རྣམས་ཀྱི གཞུང་ཕྱི་མ་ལྟ བུ་དང་། རྣམ་ཤེས་ཆཊ་ དྲུག་ཏུ་སྨྲ་བའི་སེམས་ཙམ་བ་, གཉིས་སྟོང་གི་དེ་ཁོ་ན་ཉིད་ཡང་གྲུབ་ཏུ་འདོད་་་ བ་རྣམས་ཀྱི་རྩ་གཞུང་ལྟ་བུ་ཡིན་ན།། དུས་གསུམ་བརྟག་པ:- དུས་གསུམ་བརྟག་པ་འདི་ཡང་ གཞུང་གི་རིཊ་ བའི་འགྲོས་དམིགས་བརྟག་དང་མཐུན་ཞིང་། འདིའི་དབྱད་གཞི་ནི་དུས་རྫས་ གྲུབ ཡིན་ལ། འདིའི་ཕྱོགས་སྔ་ཡང་རང་གཞན་གྱི་སྡེ་བ་བྱེ་སྨྲ་སཊ་དུས་རྫས་ གྲུབ་ཏུ་སྨྲ་བ་ཐམས་ཅད་དང་། མདོ་སྡེ་བ་ཁ་ཅིག་ཀྱང་ཡོད་བར་སྣང་ང་༎ འདི་ཡང་རིགས་པའི་འགྲོས་ལ་བལྟས་ན་སེམས་ཙམ་པའི་རང་གཞུང་ལྟ་བུར་ སྣང་བས་དབྱད་དོ། །འདི་ལས་འཕྲོས་བའི་གཞུང་ནི་, སློབ་དཔོན་དགེ་སྲུང་ དང་། དེའི་སློབ་མ སླབ་དབན་ཆོས་མཆོག་སྟེ་, རྒྱལ རྔ་བདུན་བར་གྲགས་ བས་མཛད་པའི་ སྐད་ཅིག་མ་འཇིག་བར་སྒྲུབ་བཞི” གཞུང་རྣམས་སོ།།