________________ i ཆོས་ཅན་གྱི་ངོ་བོ་དང་འགལ་བའི་གཏན་ཚིགས་ནི་དཔེར་ན་ཡོད་བ་ ཉིད་ནི་རྫས་དང་ཡོན་ཏན་ལས་མ་ཡིན་དེ། རྫས་གཅིག་ཡོད་བའི་ཕྱིར་དང་། ཡོན་ཏན་དང་ལས་ཡོད་པའི་ཕྱིར་བྱེ་བྲག་བཞིན་ཞེས་བརྗོད་ན། གཏན་ཚིགས་ འདི་རྫམ་མ་ཡིན་བ་སྒྲུབ་བར་བྱེད་བའམ། གཞན་དུ་ན་ཡོད་པ་མ་ཡིན་པ་ སྒྲུབ་བར་བྱེད་བར་འགྱུར་ཏེ། དེ་གཉིས་ཀ་ངེས་བའི་ཕྱིར་རོ།།་་ - ཆས་ཅན་གྱི་ཁྱད་པར་དང་འགལ་བའི་གཏན་ཚིགས་ནི་དཔེར་ན་སྔར་་ གྱི་གཏན་ཚིགས་དེ་ཉིད་བསྒྲུབ་བྱའི་ཆོས་ཅན་གྱི་ཁྱད་པར་ཡོད་པ་ཉིད་སྒྲུབ་བར་ བྱེད་པ་དང་། གཞན་དུ་ན་འདི་དང་འགལ་བའི་སྒྲུབ་པར་བྱེད་པ་ཡོད་བ་ཉིད་ མ་ཡིན་པར་སྒྲུབ་པར་བྱེད་བར་འགྱུར་ཏེ། རྫས་ལ་སོགས་པ་འགོག་པ་བཞིན་ དུ་གཉིས་ཀ་ངེས་བའི་ཕྱིར་རོ། །གཏན་ཚིགས་ལྟར་སྣང་བཤད་ཟིན་5l ད་ནི་དཔེ་ལྟར་སྣང་བརྗོད་བར་བྱ་སྟེ། ཆས་མཐུན་པའི་དཔེ་ལྟར་སྣང་ ལའང་ལྔ་ཡོད་དེ། སྒྲུབ་བྱེད་ཆོས་མ་གྲུབ་བ་དང་། བསྒྲུབ་བྱ་ཆོས་མ་གྲུབ་ བ་དང་། གཉིས་ཀ་མ་གྲུབ་པ་དང་། མ་སྦྱར་བ་དང་། ཕྱིན་ཅི་ལོག་ཏུ་ སྦྱོར་བའོ། / ཆོས་མི་མཐུན་བའི་དཔེ་ལྟར་སྣང་མ་ཡང་ལྔ་ཡོད་དེ། བསྒྲུབ་བར་བྱ་ བ་ལྡོག་བ་མེད་བ་དང་། སྒྲུབ་བར་བྱེད་བ་ལྡོག་པ་མེད་པ་དང། གཉིས་ཀ་ ལྷག་བ་མེད་བ་དང་། ལྡོག་བ་མ་བསྟན་པ་དང་། ལྡོག་བ་ཕྱིན་ཅི་ལོག་ཏུ་ སྦྱར་བའོ། / སྒྲུབ་བྱེད་ཆོས་མ་གྲུབ་བ་ནི་དཔེར་ན་སྒྲ་རྟག་སྟེ་ཐོགས་པ་མེད་པའི་ཕྱིར། གང་ཐོགས་བ་མེད་བ་དེ་(སྟེ?)རྟག་བར་མཐོང་སྟེ། རྡུལ་ཕྲ་རབ་བཞིན་