________________ 460 སོགས་བ་ལ་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་བདེ་བ་དང་ནམ་མཁའ་ལ་དཔེ་ མཐུན་བར་བྱས་བ་དེའང་མ་ངེས་བ་ཡིན་ནོ།། - འགལ བ་ལ་མི་འཁྲུལ་བ་ནི་དཔེར་ན་སྒྲ་ནི་མི་རྟག་པ་ཡིན་ཏེ་བསྒྲུབ་བྱ་ ནི་བྱས་བའི་ཕྱིར་ཏེ་དཔེར་ན་བུམ་བ་ལ་སོགས་བ་བཞིན། སྒྲ་སྒྲུབ་བ་དེ་ རྟོག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཏེ་སྒྲ་ཉིད་བཞིན་ནོ། །དེ་གཉིས་ཀ་ལ་ཐེ་ཚོམ་ ཟ་བ་ཡིན བའི་ཕྱིར་མ་ངེས་བ་ཡིན་ནོ།། འགལ་བ་ལ་བཞི་སྟེ། ཆོས་ཀྱི་ངོ་བོ་དང་འགལ་བའི་གཏན་ཚིགས་ དང་། ཆོས་ཀྱི་ཁྱད་པར་དང་འགལ་བའི་གཏན་ཚིགས་དང་། ཆོས་ཅན་རང་ ལྡོག་དང་འགཁ་བའི་གདོན་ཚིགས་དང་། ཆོས་ཅན་གྱི་འཁྲུལ་བ་དང་འགལ་ བའི་གཏན་ཚིགས་སོ།། - - འདིར་ཆོས་ཀྱི་ང ་བོ་དང་འགལ་བའི་གཏན་ཚིགས་ནི་དཔེར་ན་སྒྲ་ནི་ རྡོག་བ་ཡིན་ཏེ་བྱས་བའི་ཕྱིར་དང་། / ཡང་ན་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ ཞེས་བརྗོད་ན་གཏན་ཚིགས་འདི་ནི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ ཡིན་ནོ།། ཆོས་ཀྱི་ཁྱད་པར་འགལ་བའི་གཏན་ཚིགས་ནི་དཔེར་ན་མིག་ལ་སོགས་ བ་གཞན་གྱི་དོན་བྱེད་བ་ཡིན་ཏེ། འདུམ་ཤིང་བསགས་བ་ཡིན་པའི་ཕྱིར་དེ་ མལ་ཆ་ལ་སོགས་པ་བཞིན་ཞེས་བརྗོད་ན། གཏན་ཚིགས་འདི་ནི་མིག་ལ་སོཊ་ བ་གཞན་གྱི་དོན་བྱེད་བར་སྒྲུབ་བའམ། གཞན་དུ་ན་བསྒྲུབ་པར་བྱ་བའི་ཆོས་ ཀྱི་ཁྱད་པར་དང་འགལ་བ་སྒྲུབ་པར་བྱེད་བར་འགྱུར་ཏེ། མལ་ཆ་ལ་སོགས་ པ་ཡང་འདུས་ཤིང་བསགས་པ་ཡིན་ཏེ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར་རོ།།