________________ 11 བར་འགྱུར་བའི་ཕྱིར་རོ། །དེ བས་ན་, ལྟ་གྲུབ་ ()དང་། རིགས་ གཞུང་(གཀ)གཉིས་གནའ་བོ འི་ལོ་རྒྱུས་དང་། བྱུང་བ་ཞིག་གི་དབང་ དུ་བྱས་ཀྱང་ཤིན་དུ་འབྲེལ་ཆེ་བས་, ཚད་གཞུང་གི་གླེང་སླང་ཆེ་ལྟ་གྲུབ་ཀྱི་ གཏམ་སྨྲས་པ་ཤིན་ཏུ་ཡང་འཐད་དོ།། ཚད་བསྟན: གཞན་ཡང་ལྟ་བ་གང་ཡིན་ཐམས་ཅད་ཀྱི་རྩ་བ་ཚད་མ་དང་, ཐུགས་ དང་རྒྱུ་མཚན་གྱི་སྒྲུབ་བྱེད་མ་ཐུག་བ་ཡིན་བས་, ཚད་མའི་བསྟན་བཅོས་སམ་ རིགས་བའི་གཞུང་ལུགས་རྣམས་ནི་, ལྟ་གྲུབ་ཀྱི་རྩ་བ་དང་ཡན་ལག་གི་ཚུལ་དུ་ བྱུང་བར་མངོན་ལ། ཚུལ་འདི་ལ་བརྟག་༣, ལྟ་གྲུབ་ཀྱི་རྣམ་གཞག་དང་། རྟོག་གེའི་གཞུང་ངམ་ཚད་གཞུང་རྣམས་ཀྱི་བྱུང་བ་དུས་མཉམ་ཡིན་པར་སྣང་རྒྱུ་ ཡོད་མོད། འོན་ཀྱང་ལྟ་བ་གཙོ ་བོར་སྟོན་པའི་གྲུབ་མཐཞ་དང་། སྒྲུབ་བྱེད་ ཚད་མ་གཙོ་བོར་སྟོན་བའི་བསྟན་བཅོས་རྣམས་ཀྱི་བྱུང་བ་ལ་སོ་སོར་བརྟག་ ཚད་མའི་བསྟན་བཅོས་རྣམས་དུས་ཕྱིས་སུ་བྱུང་བར་མངོན་ནོ། །ཚུལ་འདི་ནི་ འོག་ཏུ་འཆད་པར་བྱ་ལ། འདིར་ཚད་མའི་བསྟན་བཅོས་ཞེས་བ་ནི་, མངོན་ སུམ་དང་, རྗེས་སུ་དབག་བའི་ཚད་མ་, རྟེན་གཏན་ཚིཊ་དང་བཅས་བ་གདན་ སྒྲའི་བརྗོད་བྱར་གྱུར་བའི་ཚད་མ་དེ་ལ་; སངས་རྒྱས་བ་རྣམས་དང་། ཁྱད་ བར་དུས་རབས་བདུན་པའི་རྗེས་ཀྱི་ནང་བའི་གྲུབ་མཐའ་སྨྲ་བ་རྣམས་, མངོན་ སུམ་དང་། རྗེས་དཔག་གཉིས་ཁོ་ནར་འདོད་མོད། སྤྱིར་སྒྲ་ཟོར་ཡངས་པའི་ དབང་དུ་བྱས་ནས། ཚད་མ་ཞེས་བའི་སྒྲའི་དོན་མངོན་རྗེས་གཉིས་ཙམ་དུ་ཟད་