________________ 10 ནམ་ དངས་བོ འི་གནས་ཚུལ་ལ་རེག་པའི་བཤད་པར་མི་སྣང་ངོ་། །དེ་དག་ གི་ལྟ་གྲུབ་ཇི་ལྟར་བྱུང་བའི་ཚུལ་ཡང, མཐའ་གཅིག་ཏུ་མ་ངེས་པས། འདིར་ མི་སྦྱོས་ལ། ངེས་བ་རྣམས་ནི་རྒྱུ་དབུ་ཚད་ཀྱི་གཞུང་ལས་བྱུང་བ་རྣམས་དང་། དེང་སང་དེ་དག་གི་རྒྱུད་འཛིན་རྣམས་ལ་དངོས་འབྲེལ་དུ་ཡོད་པ་རྣམས་སོ།། ་་་་ཚད་གཞུང་དང་ལྟ་གྲུབ ཀྱི་འབྲེལ་བ: ཚད་རིག་གི་བྱུང་བ་བརྗོད་པའི་སྐབས་འདིར་, ལྟ་གྲུབ་ཀྱི་བྱུང་ཚུལ་ གླེང་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་? ཞེ་ན་ཡོད་དེ་ སྤྱིར་ཤེས་རིག་བཀྲ་ བའི་མི་རིགས་རྣམས་ཀྱི་ཀུན་སྤྱོད་(ཙཞི)གོམས་གཤིས་(ཁ་ག་) དང་། དེ་དང་འབྲེལ་བའི་ཆོས་སྤྱོད་རིག་གཞུང་ལ་སོཊ་པ་རིག་པའི་གནས་ཐམས་་་ ཅད་དང་། ཁྱད་པར་དུ་ཟབ་ཅིང་རྒྱ་ཆེ་བའི་ལྟ་སྤྱོད་ཀྱི་རིགས་ལམ་ལ་སོགས་ བ་ཐམས་ཅད་, ཨུལ་དེ་ཁོ ན་ཉིད་དང་། ཡུལ་ཅན་ཚད་མའི་འཇུག་པ་ གཉིས་ལ་, འགལ་འབྲེལ་དང་, བྱ་བྱེད་རྣམ་འཇོག་གི་འཐད་སྒྲུབ་སོགས་མ་ དཔྱད་གཞིག་འབྲལ་བ་མེད་པ་ཞིག་ཡ་མཐའ་ཐུག་མེད་ནས་བྱུང་བར་བརྟེན། ད་ལྟའང་ཚད་མའི་སྒྲུབ་བྱེད་ཡུལ་ལ་བལྟོས་བ་དང་། ཡུལ་གྱི་དེ་ཁོ་ན་ཉིད་ དམ་, བདེན་བའི་གྲུབ་དོན་ཚད་མ་ལ་བལྟོས་ནས་འཇོག་པ་མ་གཏོགས་གཞན་་ དུ་འཇོག་ས་མེད་པ་ལྟར་སོང་བ་དང་། གཞན་ཡང་, ལྟ་གྲུབ་ལ་དཔྱོད་ཆེ་ སྒྲུབ་བྱེད་ཚད་མ་མེད་པར་མི་སྲིད་ལ། ཚད་མ་དང་འགལ་བའི་གྲུབ་མཐའ་ ཁས་ལེན་ན, སྨྲ་བ་བ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ། །ཚད་མ་ལ་ བརྟག་ཚེ་ཡུལ་གྱི་དེ་ཁོ་ན་ལ་མ་བལྟོས་བ་མི་སྲིད་དེ། སྲིད་ན་ཚད་མས་ཡུལ་ འཇལ་བ་དོན་མེད་དུ་ཐལ་བས་, འབད་པ་ཐམས་ཅད་འབྲས་བུ་མེད་པར་ཐལ་