________________ དབར་སྐྲུན་པའི་ཆེད་བརྗོད། / ཝཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་དཔར་སྐྲུན་་་་ ཞུས་བཞིན་པའི་དུས་འཁོར་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་དེབ་གཉིས་པ་ནང་ བའི་རྒྱུད་གཞུང་ལ་ཐུགས་མོས་ཅན་གྱི་མཁས་དབང་རྣམས་ཀྱི་སྤྱན་ལམ་་་་་་ འབུལ་ལམ་ཞུས་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་། འགྲེལ་བ་འདིའི་དེབ་ དང་པོ་ཞིང་གཤེགས་མཁས་དབང་འཇིག་རྟེན་མགོན་པོ་ (པྲ ཕེསརཇགནནཱཐ། ཨུཔདྨ ཡ)མཆོག་ནས་ཞིབ་དཔྱོད་དང་བཅས་དཔར་སྐྲུན་མཛད་ཡོད། ཁོང་ གིས་ནང་པའི་རྒྱུད་གཞུང་ཁག་ཞུ་སྒྲིགས་དང་དཔར་སྐྲུན་གནང་རྒྱུའི་ཐུགས་་་་ འདུན་གཏིང་ཟབ་ཞིག་སྔ་མོ་ནས་ཡོད་པ་བཞིན་ནེཧརུཕེལོཤཔ་ཞེས་པའི་་་་་་ གཟེངས་བསྡད་སློབ་ཡོན་ཐོབ་པ་དང་དུས་མཉམ་དུ་ཁོང་གིས་རང་གི་དགོངས་ བཞེད་བཟང་པོ་དེ་ཕྱག་ལེན་དུ་བསྟར་རྒྱུར་དབུ་བརྩམས་ཏེ་སློབ་ཡོན་དུ་ཐོབ་་་་ བའི་ཕུག་དངུལ་མང་ཆེ་བ་ནང་པའི་རྒྱུད་ཀྱི་གཞུང་ལག་བྲིས་མ་དག་གསོག་་་ སྒྲུག་བྱ་ཐབས་ལ་བེད་སྤྱོད་མཛད་ཡོད། དེ་དང་མཚུངས་པར་ཁོང་གིས་དགའ་ བ་རབ་རྫོགས་ལེགས་སྦྱར་གཙུག་ལག་སློབ་ཁང་(སམ པཎཾ ནནདསཾསྐྱིད་ཝིཤུ བ ལཡ)གི་དབྱངས་ཅན་ཕོ་བྲང་(སརསཱཏིབྷཝན)དཔེ་མཛོད་ཁང་དང་། དབུས་བོད་ཀྱི་ཆེས་མཐོ འི་གཙུག་ལག་སློབ་ཁང་གི་ཞི་འཚོ་དཔེ་མཛད་དུའང་་ སྒོ་དུ་མ་ནས་ལག་བྲིས་མ་དཔེ་ཁག་བསྡུ་གསོག་བྱ་རྒྱུར་ཕན་གྲོགས་ཆེན་པོ་་་་་ གནང་བའི་འབྲས་བུར་མཐར་ནང་པའི་ཆེས་དཀོན་བའི་གསུང་རབ་ཉམས་ཞིབ་ འཆར་གཞིར་དབུས་གཞུང་ནས་མཐུན་རྐྱེན་སྦྱར་རྒྱུའི་གནང་བ་ཐོབ་སྟེ་འཆར་་་་