Book Title: Nyayapraveshakashastram
Author(s): Jambuvijay
Publisher: Motilal Banarasidas

View full book text
Previous | Next

Page 168
________________ १४० न्यायप्रवेशकशास्त्रम्। 25 སྒྲ་མངོན་པར་གསལ་བར་སྨྲ་བ་ལ་བྱས་པ་ཉིད་ཀྱི་ཕྱིར་ཞེས་པ་གང་རུང་ལ་མ་གྲུབ་ པའོ།། 26 མེ་སྒྲུབ་པ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་ པ་བརྗོད་པ་ལྟ་བུ་ཐེ་ཚོམ་ཟ་ནས་མ་གྲུབ་པའོ།། ། 27 ནམ་མཁའ་རྫས་སུ་ཡོད་དེ། ཡོན་ཏན་གྱི་གཞི་ཉིད་ཀྱི་ཕྱིར་ཞེས་པ་ནམ་མཁའི་ ཡོད་པ་ཉིད་དུ་བརྗོད་པ་ལ་གཞི་མ་གྲུབ་པའོ།། 28 མ་ངེས་པ་ནི་དྲུག་དུ་དབྱེ་སྟེ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། མཐུན་ཕྱོགས་ཀྱི་ཕྱོགས་གཅིགཾ་ལ་ཡོད་ལ་མི་མཐུན་ཕྱོགས་ལ་ཁྱབ་པ་དང་། མེ་མཐུན་ ཕྱོགས་ཀྱི་ཕྱོགས་གཅིག་གི་ཡུལ་ལ་ཡོད་ལ་མཐུན་ཕྱོགས་ལ་ཁྱབ་པ་དང་། གཉིས་ཀའི་ ཕྱོ གས་ཅིག་གི་ཡུལ་ལ་ཡོད་པ་དང་། འགལ་བ་ལ་མི་འཁྲུལ་བ་ཡང་ཞེས་པའོ།། 29 དེ་ལ་ཐུན་མོང་བ་འདི་ལྟར་གཞལ་བྱ་ཉིད་ཀྱི་ཕྱིར་སྒྲ་རྟག་ཅེས་པའོ།། དེ་ནི་རྟག་ མི་རྟག་གི་ཕྱོགས་དག་ལ་ཐུན་མོང་བ་ཉིད་ཀྱི་ཕྱིར་མ་ངེས་པ་སྟེ། ཇི་ལྟར་བུམ་པ་ལ་སོགས་ པ་བཞིན་གཞལ་བྱ་ཉིད་ཀྱི་ཕྱིར་རྟག་ཅེས་པ་ལྟ་བུའོ།། 30 ཐུན་མོང་མ་ཡིན་པ་ནི་མཉན་བྱ་ཉིད་ཀྱི་ཕྱིར་སྒྲ་རྟག་ཅེས་པའོ། དེ་ནི་རྟག་མི་ རྟག་གི་ཕྱོགས་དག་ལས་ལྡོག་པ་ཉིད་ཀྱི་ཕྱིར་དང་། རྟག་མི་རྟག་གི་རྣམ་པར་ངེས་པ་སྤངས་ 1. This must be readམེད་པ as in T2. 2. Here གཅེག་ གེ་ ཡུལ་ ལ་ may be beter. 3. Evidently the reading here is defective It omits the translation of some Skt words. Jain Education International For Private & Personal Use Only www.jainelibrary.org

Loading...

Page Navigation
1 ... 166 167 168 169 170 171 172 173 174 175 176 177 178 179 180 181 182 183 184 185 186 187 188 189 190 191 192