________________ བཤད་དེ། ཚུལ་གསུམ་གྱི་ནུས་བ་འཇུག་པའི་ཡུལ་ཡིན་པའི་བསྒྲུབ་བྱར་ བསྟན་པས་, རང་ཉིད་ལ་བསྒྲུབ་བྱ་བསྒྲུབ་པའི་ནུས་པ་མེད་པར་འཕང་བའི་ ཕྱིར་ར་ ཞེས བཤད་ན། ཤིན་ཏུ་འགྲིག་པར་མངོན་ནོ།1” ཞེས་གསུངས་ དེ་, ལེགས་བཤད་དུ་སྣང་ངོ་། སྤྱིར་སྒྲུབ་ངག་ཡན་ལག་ལྔ ལྡན་རང་ལུགས་ སུ བྱེད་བའང་ཡོད་དོ༎2 སྙིང་དོན། དེ་ལ རེགས་འཇུག་འདིར་ དེ ལ་ཕྱོགས་དང་ཞེས་སོགས་ དང་། - ཀུན་བཏུས་སུ་ དེ་ལ་དབག་བྱ་བསྟན་པ་ནི། ཞེས་བྱ་བ་ལ་སོགས་ བའི་གཞུང་འདི་དག་གི སྐབས་སུ། བསྒྲུབ་བྱའམ དཔག་བྱ སྒྲུབ་ངག་གི་ཡན་ ལག་ཏུ་བསྟན་པ་སྟེ་, སྨོས་པ་ནི། སློབ་མ་ལ་རྟགས་ཀྱི་བྱ་བ་འཇུག་བའི་ གཞི་བསྟན་བའི་དབང་དུ་བྱས་བ་ཡིན་ཏེ། རྟགས་འདིས་བསྒྲུབ་པར་བྱ་བ་ནི་ དེ་ལྟ་བུའོ་ཞེས་གོ་བར་བྱ་བའི་དོན་དུ། སྐབས་ཀྱི་བསྒྲུབ་བྱ་མ་ཤེས་ འདོད་ཞུགས་བའི་རྒོལ་བ་ལ་སྒྲུབ་ངག་གི་སྦྱོར་བ བཀོད་པའི་ཚེ་ནཾ། དེ་དེའི་ ཡན་ལག་ཏུ་འགོད་བར་མི་བྱས་ཏེ། དྭགས་ཚིག་ཡན་ལག་ལྷག་པའི་སྐྱོན་དུ་ འགྱུར་བའི་ཕྱིར་རོ། དེས་ན་, བསྟན་བཅོས་སློབ་མ་ལ་ཁྲིད་དབང་དུ་བྱས་ དེ་ བརྗོད་བྱ་གཏན་ལ་འབེབས་ཚུལ་དང་། རྒོལ་བ་རྡོག་ལྡན་དང་དྲི་བ་དྲི་ ལན་གྱི་སྐབས་སུ་, ཕྱི་རྒོལ་ལ་སྒྲུབ་ངག་གི་ལམ་ནས་དོན་གཏན་ལ་འབེབས་ ཚུལ་གཉིས, རྣམ་བ་ཐམས་ཅད་དུ་གཅིག་ཡིན་པར་འཁྲུལ་བར་མི་བྱའོ།། 1) རྣམོ འགྲཝ་མཁས་ཊིཀ བོn. ,ཟ-jil བེའུ• *| གཙང། 2) (+) ""-go .6 Ket (W) ***RE' F's ''''B'EP བུག་སོil» མཁག་རྨེ R་དྲུག་ཎཾ ཀ་དན་བསྟབ. . *rl གཅུང་ ཁ.1