________________ དེ་ཡང་ ཙཡན་ལག་རྣམས་ནས༔ ཞེས་སོགས་ནི་, ཀུན་བཏུས་མ་རྩོམ་ གོང་གི་ཚད་མའི་བསྟན་བཅས་རིགས་སྒོ་ལ་སོགས་པ་ཡན་ལག་གི་ཚུལ་དུ་ ཡོད་བ་རྣམས་ནས་, ཞེས་པའོ།། གང་རྗེས་སུ་དཔག་པ་བསྟན་པ་དེ་ནི ཞེས་པ་ནི། སྒྲུབ་བ་གཏན་ལ་དབབ་པའི་ཚེ་སྟེ། དེའི་མཚན་ཉིད་ལ་སོགས་ བ་བསྟན་བའི་སྐབས་སུ་ “ཕྱོགས་ལ་སོགས་པ་ ཞེས་བ་དང་། ཕྱོགས་དང་ གཏན་ཚིགས་དང་། ཞེས་པའི་ངག་དག་གིས་དབག་བྱའམ་ཕྱོབས་བསྟན་པ་ནི། སྒྲུབ་བྱེད་དེ་ སྒྲུབ་ངག་གི་ཡན་ལག་ཉིད་མི་འདོད་དོ།། དེ་ལྟར་འདོད་པ་མ་ དགོས་བ་ཡང་མེད་དེ། སྒྲུབ་བྱེད་ནི་, དཔག་བྱའི་ཤེས་བྱེད་ཡིན་ལ། དཔག་ བྱ་ལ་ཐེ་ཚོམ་ཟ་བའི་ངོར་ དབག་བྱ་བརྗོད་ན་ཐེ་ཚོམ་ཉིད་ལས་མི་འདས་་ ཞེས་བྱ་བ་ཡིན་ནོ།། དོན་དེ་དར་ཊིཀ་སོགས་ལས་བཤད་ཚུལ:- གོང་གསལ་རིགས་འཇུག་ དང་ཀུན་བཏུས་སོགས་སུ་, ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་བསྟན་པའི་ བཤད་པ་མཛད་སྐབས་ རྒྱལ་ཚབ་ཆོས་རྗེའི་མདོ འི་དར་ཊིཀ་མཐའ་འཛིན་ གདུང་འཇོམ་དུ་:- ་་སྒྲུབ་ངག་གིས་ཕྱོགས་དངོས་སུ་མ་བསྟན་ན་, གཏན་ ཚིགས་ཀྱི་བྱེད་བ་འཇུག་བའི་ཡུལ་མི་ཤེས་པ་དང་། དེས་གཏན་ཚིགས་ཀྱི་ཚིག་ འདྲེན་པའི་ཕྱིར། ཐུགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་ནོ་ ཞེ་ན; ཚུལ་ གསུམ་གསལ་བར་བྱེད་བ་སྒྲུབ་ངག་ཏུ་བསྟན་པ་དེ་ལ། རྟགས་ཀྱི་དབག་བྱ་ ཕྱོགས་དངོས་སུ་བསྟན་བ་ནི། སྒྲུབ་ངག་གི་ཡན་ལག་ཏུ་མི་རིགས་པར་ཐལ། ཕྱོགས་དེ་ནི་, རྟགས་ཀྱི་དོན་གྱི་བྱེད་པ་འཇུག་པའི་ཡུམ་དུ་འདོད་རིགས་པའི་ ཕྱིར” ཞེས་བ་ཙམ་ཞིག་ལས། གོང་གི་དྲི་བ་དེ་གང་ནས་འང་, དོགས་