________________ 38 བའི་སྐབས་དང་འབྲེལ་བས་དེར་བཤད་པར་བྱའོ།། སློབ་དཔོན་གྱིས་མཛད་པའི་བསྟན་བཅོས: གང་སྨྲས་ལྟར་སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ཐོར་བུ་བ་ བརྒྱ་རྩ་བརྒྱད་དུ་གྲགས་པ་རྣམས་ནི་, རྟོག་གེའི་གཞུང་དང་འབྲེལ་བ་རྣམས་ ཡིན་ལ་དེ་རྣམས་ལས་ད་ལྟ་དངོས་ཡད་ནི་, རིགས་བ་ལ་འཇུག་པ་དང་། - དམིགས་བརྟག་རྩ་འགྲེལ་དང་། ཚད་མ་མདོ ་སོགས་བསྟན་བཅོས་དྲུག་ཙམ་ ལས་གཞན་མེད། གཞུང་གཞན་དང་གཞན་དུ་ལུང་དྲངས་པ་དང་, དཀར་ ཆགས་སོགས་ལས་སློབ་དཔོན་གྱི་རྟོག་གེའི་བསྟན་བཅོས་སྡོམ་བཅོ་ལྔ་ཙམ་་་་ མཚན་གསལ། དེ་ལས་གཞན་མངོན་བ་དང་, ཕར་ཕྱིན་དང་, བསྟོད་པ་ སོགས་སྡོམ་བས་གཞུང་བརྒྱད་དེ་, བསྟན་བཅོས་ཉེར་གསུམ་ཙམ་ཡོད། །གཞན་ རྣམས་ནི་ཡིག་རྙིང་ལོ་རྒྱུས་ལ་གྲགས་པ་ཙམ་ལས་, གཞུང་དེ་དང་དེ་དག་ གི་མིང་དང་བརྗོད་བྱ་སོགས་གང་ཡང་མི་གསལ་ཞིང་མ་ཐོབ་པོ། །བརྙིང་ གསལ་ཚད་མའི་བསྟན་བཅོས་ཐོར་བུ་བ་རྣམས་སྙིང་པོ འི་ཚུལ་དུ་ངརྫུས་པ་ནི་ ཚ་དམ་ཀུན་ལས་བཏུས་པ་ཡིན་ན།། ཚད་མ་ཀུན་བཏུས་བརྩམ་ཚུལ: དེ་ཡང་, སྔོན་གྱི་གནས་འབྲེལ་བ་ཙུག་ལག་གི་ལ་རྒྱུས་རྣམས་སུ་ འདི་ལྟར་བྱུང་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པས་, ཚད་མ་ཀུན་ལས་བཏུས་ པ་རྩོམ་པར་བཞེད་ནས་, གཞུང་གི་མཆོད་བརྗོད་ཀྱི་ཚུལ་དུ་ ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་བ། 1)1ཏམ་༢དཾ་ཐལ་ཆེར་ཁ་རྒྱུན་ལ་ བ རྟེན་བར་ལྟུང་ང་