________________ 264 དང་ལྡན་བ་དང་། མེ་ཡོད་ཤེས་བའམ མི རྟག པར་ཤེས་བ་ལ་སོགས་པ་སྟེ་ རྗེས་སུ་དཔག་པའི་ཚད་མར་བརྗོད་དོ།། ཚད་མ་གཉིས་པ་དེ་ལ་ཡང་དག་པའི་ཤེས་བ་ཚད་མའི་འབྲས་བུ་ ཡིན་ཏེ། རང་གི་མཚན་ཉིད་རྟོགས་པའི་ཕྱིར་རོ། །དོན་བྱེད་ནུས་པའི་ དངོས་སུ་གཞལ་བའི་ཕྱིར་ཏེ་ཚད་མའང་ཡིན་ནོ། / རྡོག་པར་ཤེས་བའང་མངོན སུམ་ལྟར་སྣང་ང་། །ཤེས་པ་རྣམས་ཀྱི་ བུམ་པ་ལ་སོགས་པ་རྟོགས་པ་སྐྱེས་པ་དེ་མངོན་སུམ་ལྟར་སྣང་ཡིན་ཏེ། ཤེས་ བ་དེ་ལ་དོན་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་རོ།། --- གལ་ཏེ་གཏན་ཚིགས་ལྟར་སྣང་སྔོན་དུ་སོང་བ་ལ་སོགས་བ་དེའི་རྗེས་ སུ་དོན་ལྟ་བུར་སྣང་བའི་ཤེས་པ་སྐྱེས་བ་དེ་རྗེས་དཔག་ཚད་མའི་ལྟར་སྣང་སྟེ། / སྔར་བཤད་པ་བཞིན་དུ་གཏན་ཚིགས་ལྟར་སྣང་དུ་མ་རྟགས་སུ་བཟུང་ནས་ དོན་ལྟ་ བུར་སྣང་བ་དཔག་བ་ལས་སྐྱེས་པའི་ཤེས་པ་དེ་རྣམས་རྗེས་དཔག་ཚད་མའི་ ལྟར་སྣང་སྟེ། ཡང་དག་པར་(མ)རྟོགས་པའི་ཕྱིར་རོ།། དེ་ནས་གལ་ཏེ་སྒྲུབ་པར་བྱེད་པ་བ འི་སྐྱོན་རྣམས་ཡང་དག་པར་བརྗོད་ པར་བྱེད་པ་ནི་སུན་འབྱིན་ཡང་དག་པའོ། །སྒྲུབ་པར་བྱེད་པའི་ཡན་ལག་མ་ ཚང་བ་ཉིད་དང་། བསྒྲུབ་པར་བྱ་བའི་སྐྱོན་ཉིད་དང་། མ་གྲུབ་པའི་གདན་ ཚིགས་དང་། མ་ངེས་པའི་གདན་ཚོགས་དང་། འགལ་བའི་གཏན་ཚིགས་དང་། དཔེ རྣམས་ཀྱི་གཏན་ཚིགས་གསལ་བར་བསྟན་ཏེ། ཕྱིར་རྒོལ་གྱི་འདྲི་བ་རྣམས་ མ་ལེགས་པར་ཁང་དུ་ཆུད་པར་བྱེད་པས། སུན་འབྱིན་ཡང་དག་གཱ། གལ དེ སྒྲུབ་བྱེད་ཀྱི་སྐྱོན་རྣམས་གསལ་བར་མི་བརྗོད་བའམ། སྐྱོན་མ་