________________ 257 ནི་སེམས་བ་ཅན་ཡིན་ཞེས་བརྗོད་བ་ལྟ་བུ འོ། / གཉིས་ཀ་མ་གྲུབ་པ་ནི་དཔེར་ན་བྱེ་བྲག་བས་སངས་རྒྱས་པ་མ་བདག་ ནི་རྒྱུ་རྐྱེན་འདུས་ཤིང་རྟེན་ཅིང་འབྲེལ་བར་སྦྱོར་བའི་བྱེད་པ་བ་ཡིན་ན ་ཞེས་་་ བརྗོད་བ་ལྟ་བུའོ། / ཕན་ཚུན་གྲུབ་བ་ནི་དཔེར་ན་སྒྲ་ནི་མཉན་བྱ་ཡིན་ནོ་ཞེས་བརྗོད་བ་ལྟ་་་ བུའོ་༑ X/ - * འདི་སྐད་དུ་མར་བརྗོད་བ་དག་ང ་བ་བསལ་བའི་ཕྱིར་དང་། བསྒྲུབ་ མི་དགོས་པའི་ཕྱིར་དང་། བསྒྲུབ་བར་ནུས་ཀྱང་འབྲས་བུ་མེད་བའི་ཕྱིར་ བསྒྲུབ་བྱའི་སྐྱོན་ཡིན་བས་ལྟར་སྣང་ངོ་། །བསྒྲུབ་བྱ་ལྟར་སྣང་བཤད་ཟིན་ཏོ།། ད་ནི་གཏན་ཚིག་ལྟར་སྣང་བཤད་པར་བྱའོ། / མ་གྲུབ་བ་དང་། མ་ངེས་བ་དང་། འགལ་བ་འདི་རྣམས་གདུན་ ཚིགས་ལྟར་སྣང་ངོ་། / མ་གྲུབ་བའང་བཞི་ཡོད་དེ། གཉིས་ཀ་ལ་མ་གྲུབ་བ་དང་། གང་ རུང་མ་མ་གྲུབ་བ་དང་། ཐེ་ཚོམ་ཟ་ནས་མ་གྲུབ་བ་དང་། གཞི་མ་གྲུབ་པའi། གཉིས་ཀ་ལ་མ གྲུབ་པ་ནི། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པར་མིག་ གི་གཟུང་བྱ་ཉིད་ཡིན་པའི་ཕྱིར་ཞེས་བཀོད་བ་ལྟ་བུའོ། / གང་རུང་གཅིག་ལ་མ་གྲུབ་པ་ནི་སྒྲ་མངོན་བར་གསལ་བར་འདོད་པའི་ བསྟན་བཅོས་ལ་ལྟས་ནས་བྱས་བའི་ཕྱིར་ཞེས་བརྗོད་བ་ལྟ་བུའོ། / ཐེ་ཚོམ་ཟ་ནས་མ་གྲུབ་བ་ནི་ཐེ་ཚོམ་ཟ་བའི་རླང་བ་ལ་སོགས་པ་ སྐྱ་བོ འི་རྫས་ཀྱི་རྟགས་མཐོང་བའི་ཚེ་འབྱུང་བ་ཆེན་པོ་འདུས་བའི་མེ་ཡོད་ཅེས་