________________ 254 འཇམ་བའི་དབྱངས་ལ་ཕྱག་འཚལ་ལོ།། སྒྲུབ་ནུས་བ་དང་སུན་འབྱིན་ནུས།། ལྟར་སྣང་བཅས་བས་གཞན་གོ ་བྱེད།། མངོན་སུམ་དང་ནི་རྗེས་སུ་དབག / ལྟར་སྣང་བཅས་པས་བདག་རིག་བྱེད།། 1/ འདིར་འདི་སྐད་ཅེས་བ་བསྟན་བཅོས་རྣམས་ཀྱི་དོན་ཀུན་ལས་བཏུས་པ་ཡིན་ལ། དེ་ལ་རྣམ་གཞག་ལ་སོགས་བ་ཚིག་རྣམས་སྒྲུབ་པར་བྱེད། ཕྱོགས་དང་། གཏན་ ཚིགས་དང་། དེ་རྣམས་དུ་མར་དབྱེ་ཡང་ཕྱིར་རྒོལ་རྣམས་འདྲིས་པའི་དོན་མ་ རྟོགས་བའི་ཕྱིར་མངོན་བར་སྔོན་དུ་འ་ -- འདིར་བསྒྲུབ་བྱའི་མཚན་ཉིད་ནི། སྒྲུབ་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་བར་ སྒྲུབ་བར་བྱེད་བ་སྟེ། རང་གིས་བསྒྲུབ་བར་བྱ་བར་འདོད་པ་འདི་ནི་བསྒྲུབ་བྱ་ ཡིན་ནོ། །དཔེར་ན། - སྒྲ་མི་རྟག་པར་སྒྲུབ་བ་ལྟ་བུའོ། / གཏན་ཚིགས་ཀྱི་མཚན་ཉིད་ནི་ཚུལ་གསུམ་ཚང་བའོ། །ཚུལ་གསུམ་ གང་ཞེ་ན། ཕྱོགས་ཀྱི་ཆོས་ཀྱི་ལྟོས་བཞི་( གཞི་)ལ་ཡོད་བ་དང་། མཐུན་ ཕྱོགས་ལ་ཡོད་པ་དང་། མི་མཐུན་ཕྱོགས་ལ་མེད་པའོ།། མཐུན་ཕྱོགས་མི་མཐུན་ཕྱོགས་གང་ཞེ་ན། བསྒྲུབ་བར་བྱ་བའི་ཆོས་ཀྱི་ སྤྱི་མཐུན་བ་ནི་མཐུན་ཕྱོགས་སུ་བརྗོད་དོ། །དཔེར་ན་མི་རྟག་པ་སྒྲུབ་བ་ལ་ བུམ་པ་ལ་སོགས་པའང་མི་རྟག་ཡིན་པས་མཐུན་ཕྱོགས་ཡིན་ནོ། / - མི་མཐུན ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས དོན་མཐུན་པ་ནི་མ་ ཡིན་ནོ། །དཔེར་ན་གང་རྟག་བ་ཡིན་བ་དེ་བྱས་བ་མ་ཡིན་པས་ཁྱབ་ནམ་མཁའ་