________________ : 251 བསྟན་པའི་ཉི་མ་ནུབ་རིའི་གོ ་གྱོན་ཚེ། / སྐལ་བཟང་པདྨ་ཟུམ་པ་དུས་ཀྱི་གཤིས།། དེ་ལྟའང་མཁའ་ལྡིང་རྒྱལ་པོ་གཤེགས་ལམ་དུ།། ཁུ་བྱུག་རང་སྐད་འཆར་ལ་ཉེས་ཅི་ཡོད།། ཀ་ཅོག་ཞང་དང་རིན་ཆེན་རྣམ་གཉིས་དང་། སྦྱང་ཤོང་ཞི་བའི་དབྱིངས་སུ་གཤེགས་པ་ན།། - ས་ལའི་ལྗོངས་ཀྱི་གཙུག་ལག་རི་མ་རྣམས།། རྟ་བདུན་ཟེར་ཐག་ཆད་པའི་བད་ཚལ་བཞིན།། བསོད་ནམས་ལས་ཀྱི་ས་བོན་གང་།། བསྟན་པའི་ཆུ་མཚོར་ལྷུང་བ་ལས།། ཐོན་པའི་འདུ་བྱེད་པདྨོ་འདི།། འགྲོ་ཀུན་བདུད་རྩི་ཐོབ་ཕྱིར་བསྡུས། / དགེ་ལེགས་འཕེལ།།