________________ 25 ནས་, ཞེས་སོགས་ཚིག་འགའ་བྱུང་ཡང་། མདོ་འདི་རྣམས་ཕལ་ཆེར་དུས་ ཕྱིས་སུ་བྲེས་པ་དང་། མཾ་གེར་འཁོད་པར་ངེས་ཤིང་། གོང་སྨོས་ རྗེས་ དཔག' ཅེས་བྱ་བ་ལ་སོགས་པའི་ཐ་སྙད་རྣམས་ཀྱང་། སྔོན་གྱི་ ་ཨནུམཇཇན་ (ཨ་ཤུ་བཞq)ལ་སོགས་པའི་དོན་དུ་བསམ་ནས་བྲིས་བ་ཡང་ཡིན་སྲིད་ལ། ཁྱད་པར་བོད་ཀྱི་བཀའ་བསྟན་, སྐད་གསར་བཞན་ལས་བྱུང་བས་, སྔོན་གྱི་ ཨནུཉྩ5 (3ཙམ་)ཞེས་པའི་དོན་-་རྗེས་སུ་ཤེས་པ་ ཉིད་ལ་- ་རྗེས་ དཔག- ཅེས་འགྱུར་བ་ཡིན་སྲིད་པས། སྒྲ་ཐོག་ནས་ལོ་རྒྱུས་ལ་དཔྱད་ཚེ་ འདི་རྣམས་དབང་པོར་འཇོག་དཀའ་བར་བརྟེན་, རེ་ཞིག་བཏང་སྙོམས་སུ་ བཞག་སྟེ་, གང་སྨོས་ལྟར་ཁས་བླང་ན་འཐད་དོ - དེ་ལྟར་ཚད་མའི་ང ་བ་དང་གྲངས་སོགས་དང་། མིང་གི་ཐ་སྙད་ དང་། རྟེན་གཏན་ཚིགས་སོགས་མ་ཤི་ཁའི་འདས་ལོ་བརྒྱ་ཕྲག་དང་པོ ཇི་ སྔོན་ཙམ་གྱི་བར་ལ་གསལ་བོར་ཡོད་ཚུལ་བཤད་བ་མེད་ལ། ཡིན་ཀྱང་གྲུབ་ མཐའ་མཁན་བ་རྣམས་ཀྱི་གྲུབ་མཐའི་འཇོག་བྱེད་ནི, སྒྲུབ་བྱེད་ཚད་མ་གཏན་ ཚིགས་དང་། འཇལ་བྱེད་ཚད་མ་མངོན་རྗེས་སོགས་ལ་ཐུག་པས་, ཐམས་ ཅད་ཀྱང་ཚད་མ་ལ་ཡང་དག་པའི་ཤེས་བ་ཉིད་འདོད་ཀྱང་། ཡང་དག་པའི་ ཤེས་བ་ཡུལ་ལ་མི་བསླུ་བའི་ཚུལ་དང་། དེ་ཇི་ལྟར་སྒྲུབ་བའི་ཚུལ་སོགས་ ནི་གསལ་བར་བཤདུ་བ་དམིགས་བསལ་ཡོད་པར་མ་མཐོང་ངོ་། ཐོགས་མེད་སྐུ་མཆེད་དང་དུས་མཚུངས་སུ་, རིཊ་བ་ཅན་པའི་མདོ་འགྲེལ་ མཁན་བ་ •ཀླདསུན' ཟེར་བས་རིགས་མདོ འི་འགྲེལ་བ་ཞིག་མཛད་ཡོད་ཀྱང་ དེར་ཡང་དག་བའི་ཤེས་བ་ལ་ཚད་མར་འཇོག་ཚུལ་རྒྱས་པར་མ་བཤད་དོ། /