________________ 2 ཅི་དགོས། རང་གི་འཚོ་བ་ཙམ་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱང་, ཤེས་ བྱའི་གནས་ལ་བླང་དོར་རམ་, ཕན་གནོད་ཀྱི་རྒྱུ་ལ་འདོར་ལེན་བྱེད་པ་ནི་ ཡང་དག་བའི་ཤེས་བའི་རྒྱུ་ཅན་དུ་གཟིགས་ཤིང་། དེ་ཉིད་གསལ་བར་བྱེད་ པའི་རིང་ལུགས་ཇི་སྙེད་ཅིག་ཡོད་ཀྱང་། རྒྱ་མཚོ འི་གླིང་དུ་ཕྱོགས་སྟེར་བའི་ དེད་དཔོན་ལྟར་མཐོང་སྟེ། ལས་དང་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་ཆེན་ བོ་བདག་ཉིད་ཆེན་པོ ་ཕྱོགས་ཀྱི་གླང་པོ ་དེས་, ཡང་དག་པའི་ཤེས་པ་ ཡན་ལག་དང་བཅས་བ་གསལ་བར་བྱེད་པའི་གཞུང་ལུགས་ཀྱི་སྲོལ་ཆེན་པོ་.. བཏོད་དེ་, གདུལ་བྱའི་སྐྱེ་འགྲོ་མ་ལུས་པ་རྣམས་ཀྱི་ལམ་ཡངས་པོར་མཛད་པ་ ནི ཡོངས་སུ་གྲགས་བ་ལྟར་རོ། / དེ་ཡང་ སྤྱིར་ཤེས་བྱའི་རབ་དབྱེ་དང་། མི་རིགས་ཀྱི་ཤེས་རིག་ གི་ཚུལ་ཇི་འདྲ་ཞིག་ཡིན་, མ་ལུས་བར་གཏན་ལ་འབེབས་པ་ནི་ ཆེན་པ་ རྣམས་ཀྱང་སྤོབས་བར་མི་བྱེད་ན། བྱིས་བའི་བླ ་གྲོས་ཀྱིས་བཟོད་པར་ག་ལ་ ནུས། ཡིན་ནའང་སའི་བྱེ་བྲག་འགའ་ཞིག་ཏུ་ དུས་ཀྱི་བྱེ་བྲག་འགའ་ ཞིག་མ་, སྐྱེས་མཆོག་དམ་པ་རྣམས་ཀྱི་གསུང་རབ་ཀྱི་གཟའ་སྐར་ཉི་ཟླ་སོཊ་ འཆར་བ་ན་, བྱིས་བའི་སྐྱེ་བ་རྣམས་ཀྱང་, གཟུགས་ཀྱི་བྱེ་བྲག་འབྱེད་བ་ལ་ སོགས་པའི་བྱ་བ་ལ་ནི་ངེས་པར་འཇུག་ནུས་བས། འདིར་ཡང་བཤད་པར་ བྱ་བའི་གཞུང་གི་གླེང་གཞིའི་ཚུལ་དུ་ དུས་རབས་འགའ་ཞིག་ཏུ་བྱུང་བའི་་་ རིག་གཞུང་རྣམས་ཀྱི་གནས་སྟངས་ཅུང་ཟད་ཅིག་བརྗོད་བ་ལ།། སྤྱིར་གྲུབ་མཐའ་བྱུང་ཚུལ:འཇིག་རྟེན་གྱི་ཁམས་འདིར་, མི་རིགས་ཀྱི་ཤེས་ཚད་, ཤེས་བྱའི་