________________ 131 འདི་ལྟ་བུ་ཞིག་བྲི་སྲོལ་དུ་ཡོད་དོ། །དེས་ན་, གོང་སྨོས་མི་དེའི་ རྐྱེན་ནམ་, བར་མཚམས་འབྱེད་བྱེད་ཀྱི་རྟགས་དང་། རྒྱན་གྱི་ཚུལ་དུ་བྲི་སྲོལ་ ཡོད་བ་རྣམས་ཡིག་སྲོལ་གཞན་གྱི་དགེ་ལས་འོངས་བ་འགའ་ཡོད་ཀྱང་། མང་ཆེ་བ་ཞིག་ནི་བོད་རིག་་བློ་གསལ་རྣམས་ཀྱི་བརྡ་སྤྲོད་ཀྱི་རྣམ་དཔྱོད་ལས་ ཐོན་བ་ཁོ་ནར་སྣང་ང་།། - གསར་བྱུང་འབྱེད་རྟགས་:- རིག་གཞུང་འདི་ལས་ཁ་ཕྱིར་ ཕྱོགས་ཏེ་བལྟས་ན་ཡང་། འཛམ་གླིང་ཕྱི་ནང་ཀུན་དུ་ཕྱི་ལོ་བརྒྱ་ཕྲག་བཅུ་ བཞི་བཅོ ལྔ་ཙམ་གྱི་སྔོན་ལ་, ཡི་གེའི་བྲི་སྲོལ་དང་། བར་གྱི་རྟགས་མགས་ ཀྱི་རྣམ་གཞག་ཀྱང་མཐའ་གཅིག་ཏུ་མ་ངེས་ཤིང་། ངེས་བ་མེད་བ་ལྟར་ཡོད་ མ་༑ ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་བའི་མཇུག་ཙམ་ནས་དུས་རབས་བཅུ་དགུ་ པའི་བར་དེར། རིག་གཞུང་སྤྱི་དང་། ཡི་གེའི་སྐོར་སོགས་ལ་ཞིབ་ འཇུག་ལྷག་པར་སོང་སྟབས་; ཡི་གེའི་ཚུལ་ལ་རྟེན་པའི་ཆ་རྐྱེན་ཤིན་ཏུ་མང་ ཞིང་། དེ་དག་རེ་རེས་ཀྱང་བརྗོད་བྱ་སྟོན་ཚུལ་ཐུན་མོང་མ་ཡིན་བ་རེ་ཡོད་ བས་, ཡིག་ཆོག བར་ཀྱི་ཡིག་རྟགས་སམ་རྐྱེན་རྣམས་ཀྱང་ཕལ་ཆེར་ངེས་ཅན་ ཁོ་ནར་མངོན་ནོ།། དེ་ཡང་ ཡོངས་གྲགས་ཡི་གེ་དང་ཚིག་གི་བར་མཚམས་འབྱེད་བྱེད་ ཀྱི་-རྟོགས་བཻ ཚུལ་ལ་, མཚན་རིགས་ཀྱི་གཞུང་དང་། དེ་ལས་གཞན་པའི་ བསྟན་བཅོས་རྣམས་སུ་བྲི་ཚུལ་ཅུང་ཟད་མི་མཐུན་ཞིང་། རྐྱེན་དེ་དང་དེས་དོན་ སྟོན་ཚུལ་ཡང་མི་མཐུན་པ་མང་བས་, དེ་དག་ཐམས་ཅད་འདིར་བྲིར་མི་མང་མ། ཐུན་མོང་དུ་བྱི སྲོལ ཡོད་བ་འགའ་ཞིག་འདིར་མཚོན་བྱེད་ཙམ་བཀོད་ན–