________________ 108 རྣམ་འབྱེད་རྣམ་དག་མགྲིན་བ་མངའ་བའི་སེང་བཟང་ལྷ་ལྡན་རྒྱལ་གྱུར་ཅིག / ཅེས་ནི་བློ་ལྡན་སྙིང་གི་དགའ་མས་མགྲིན་པའི་ལམ་ནས་ཡང་ཡང་སྒྲོག 3| ཅེས་བྱ་བ་ནི་, བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། རིགས་པ་ལ་འཇུག་བའི་ འགྲེལ་བ།:- སློབ་དཔོན་གྱི་འགྲེལ་བ་ སློབ་མ་ལ་ཕན་པ་? མིང་དོན མཐུན་པ་སྟེ། དོན་གསལ་ཚིག་ཉུང་གནད་ལ་ རེག་པའི་ཁྱད་ཆོས་མཐུན་མོང་མ་ཡིན་པ་ཞིག་ནི། བསྟན་བཅོས་ཀྱི་སྒྲ་དོན་ལ་ ལྷག་བར་ནུས་པ་སྟོན་ཏེ་, དོན་གྱི་གནད་གཏན་ལ་འབེབས་པར་སྣང་སྟེ། དེ་ ཡང་, གྲུབ་མཐའ་ས ་སོ འི་བར་གྱི་ཚོན་ཁྲ་ཁྲ་མང་པས་ གཞུང་དོན་ཕྱི་ ཡལ་ལེགས་ལེགས་ལྟར་ཁ་བསྒྱུར་བ་ཙམ་མ་ཡིན་པར་ དེ འི་ཚིག་ལམ་ དྲང་བོར་སྲོང་སྟེ། དོན་གནད་ཀྱི་འབྲས་བུ་ལེན་བ་ཉིད་, སྒྲ་ཚད་ཀྱི་བྱ་བའི་ སྙིང་བོ་ཡིན་ལ་ དེ་ཉིད་འདི་ན་འདུག་པའི་ཕྱིར་རོ།། སྒྲ་མས་གོ་བ་ལེན་ཚུལ།:- རིགས་བར་འཇུག་པའི་གཞུང་འདིར་དཀའ་ གནད་ཆེ་བ་ཞིག་ལ་, སྒྲུབ་ངག་གི་ངོ ་བའམ་རང་བཞིན་སྟོན་པའི་ཚེ། དེ་ལ་ ཕྱོགས་ལ་སོགས་པ་བརྗོད་བ་རྣམས་ནི། སྒྲུབ་བར་བྱེད་བ་སྟེ། ཞེས་སོགས་ཀྱི་ སྐབས་སུ་ ཕྱོགས་སམ་དམ་བཅའ་བརྗོད་བ་སྒྲུབ་ངག་གི་ཡན ལག་ལྟར་ སྟོན་པ་སྟེ། གཞུང་འདི་ལ་གོ་བ་ལེན་པའི་ཚུལ་མི་མཐུན་པ་ཤིན་ཏུ་མང་པ - ཞིག་, དུས་ཡུན་རིང་པ ་ཞིག་གི་བར་ལ་བྱུང་ངོ་།། དེ་ཡང སྐབས་འདིར་ ཕྱོཊ་བརྗོད་པ་སྒྲུབ་ངག་གི་ཡན་ལག་ཏུ་དགོས་པར་བསྟན་པར་གོ་ནས། སློབ་ དཔོན་དབང་ཕྱུག་སྡེ་ལ སོགས བ་མང་པ ་ཞིག་སྒྲུབ་ངག་ཡན་ལག་ལྔ་ལྡན་དང་།