________________ i08 ཐབས་སུ་རང་གི་བླ་མ་ ་ཛིནབྦྷཊཊ ཞེས་པ་དེས་, གཞུང་༡༤༤༤, རྩོམ་ དགོས་, ཞེས་བཀའ་གནང་བ་ལ་བརྟེན་ནས་ དེ་སྙེད་ཀྱི་གཞུང་བརྩམས་ སོ ་ཞེས་གྲགས་སོ། སྙིང་དོན་:- སློབ་དཔོན་འདིས་བསྟན་བཅོས་ཆིག་སྟོང་བཞི་བརྒྱ་ཞེ་ བཞི་ཆ་ཚང་བརྩམས་བ་སོགས་ནི་ཇི་ལྟར་ཡིན་ཡང་རུང་། ཤོ་ལོ་ཀ་དང་། ཚིགས་བཅད་རེ་གཉིས་ཀྱི་བདག་ཉིད་ཐམས་ཅད་སྡོམ་པས་དེ་ལྟར་ཡིན་པའང་་ སྲིད་མོད། གང་ལྟར་ཡང་ འདི་ཤིན་ཏུ་ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་ནོར་ གྱིས་ཕྱུག་པ་ཞིག་ཡིན་བ་ནི་ དངོས་འབྲེལ་ཚད་གྲུབ་ཡིན་ལ། འཕགས་ བ་ཀླུ་སྒྲུབ་ཀྱི་རྗེས་སུ་འདི་ཙམ་གྲངས་མང་བའི་གཞུང་རྩོམ་པ་བ་ཕལ་ཆེར་རྒྱ་ གུར་དུ་མ་བྱུང་བ་ལྟ་བུར་སྣང་ངོ་།། , དངོས་བོ འི་གནས་ལུགས་དང་ གཞུང་ལུགས་ལ་སློབ་དཔོན་འདིའི་ ལྟ་ཚུལ་ཡང་ཤིན་ཏུ་ལེགས་བ་ཞིག་སྟེ། དེ་ཉིད་ཀྱི་གསུང་ལས། “ལ་བ་དམན་ བ; ཁུང་དོག་བ་རྣམས་བསྡུས་ནས་; དེའི་ཕྱོགས་འཛིན་གྱིས་ཁེངས་ཏེ། / གཞན་གྱི་ལྟ་བ་དང་ གྲུབ་མཐའ་ལ་གུས་བཀུར་མི་བྱེད་བ་དང་། སྨད་བ་ནི་ - ་དངོས་བ འི་གཤིས་མི་རྟོགས་བའམ་, མ་ག བའི་སྐྱོན་ཡིན། ཨུ་ཚུགས་ ཅན་གྱི་མི་འགའ་, རང་གི་གྲུབ་མཐའི་སྒྲུབ་བྱེད་དུ་རིགས་པ་མང་པོ་བཙལ་ཏེ། རིགས་བ་དེ་རྣམས་རང་གི་གྲུབ་མཐའ་དང་དམ་བཅའི་ཕྱོགས་སུ་ཅི་ཐུབ་ཀྱིས་ འདྲེན་པར་བྱེད་པ་ཡིན། ཕྱོགས་མེད་ཀྱི་སྐྱེས་བུ་བློ ལྡན་རྣམས་ནི་, རིགས་ པས་གྲུབ་པའི་དངས་བོ འི་གནས་ལུགས་སམ་, རང་བཞིན་གྱི་གཤིས་དེ་ཁས་