SearchBrowseAboutContactDonate
Page Preview
Page 100
Loading...
Download File
Download File
Page Text
________________ 85 འཕས་བས་, འཇིག་རྟེན་མ་ལུས་བ་གསལ་ཚུལ་ཞིག་བྱུང་ངོ་།། དེ་ཡང་སྔོན་རྟོག་གེ་དང་, རིགས་གཞུང་ཀུན་, ཆོས་དང་གྲུབ་མཐའ་ དང་, སྨན་སྤྱད་སོགས་ཀྱི་ཉེར་མཁོ འི་ཚུལ་དུ་གནས་པ་ཙམ་ལས་, རང་ མཚན་དུ་རང་ཚུགས་ཐུབ་བའི་ཚུལ་དུ་མེད་ཅིང་། ཚད་མའམ་ཡང་དག་པའི་ ཤེས་པ་བསྒྲུབ་བྱའི་ཚུལ་དུ་གཏན་ལ་འབེབ་པའི་རྣམ་དཔྱོད ཅན་བྱོན་མེད་ལ། / སློབ་དཔོན་འདིས་རང་གི་རྣམ་དཔྱོད་ཀྱི་ནུས་བས་, (ཡང་དག་པའི་ཤེས་བ་ ཉིད་, སྐྱེས་བུའི དོན་ཐམས་ཅད་འགྲུབ་པའི་རྒྱུ་དང་། བླང་དོར་ལ་འཇུག་ལྡོག་ གི་བྱ་བ་ཐམས་ཅད་དེའི་རྩ་བ་ཅན་དུ་མཐོང་སྟེ། ཡང་དག་པའི་ཤེས་པ་སྟེ། བསྒྲུབ་བྱ་ཚད་མའི་རྣམ་གཞག་དང་། དེ་ཉིད་དོན་ལ་མི་སླུ བའི་སྒྲུབ་བྱེད་ཚད་ མའི་རྣམ་གཞག་གཉིས་, གྲུབ་མཐའ་དང་། ལྟ་བ་སོགས་གང་གིའང་ཕུཊ་ སུ་མ་ལྷུང་བར་, དངས་བོ འི་གནས་ལུགས་ཉིད་དཔང་དུ་བཞག་སྟེ། རྒྱས་ བར་གཏན་ལ་ཕབ་པར་མཛད། དེ་ཡང་ཤེས་བྱའི་གནས་ལུགས་སྟོན་པའི་ལུང་ རིགས་དང་, རྣམ་དཔྱོད་ཕྱོགས་རེ་བ་ཙམ་དང་། ལོ་རྒྱུས་དང་། གཞུང་ལུགས་ གཞན་ལ་སྐྱབས་བཅོལ་བའི་ཚུལ་ཙམ་དུ་མ་ཡིན་བར། ཤེས་བྱ་མཐའ་དག་ཆིག དོན་བརྒྱད་དུ་བསྡུས་ཏེ། དངོས་བ ་སྟོབས་ཞུཊ་ཀྱི་རིཊ་པ་ཉིད་ཀྱི་སྒོ་ནས་བསྟན་ པས་མཁས་པ་ཀུན་གྱི་ཡིད་རང་དབང་མེད་པར་འཕྲོག་ཏེ། ཐམས་ཅད་ཀྱིས་སྔོན བདག་གིར་བྱས་བའི་རང་གནས་ (གྲུབ་མཐ༢) མ་ལུས་བ་བཏང་སྟེ། རིགས་ ཚུལ་འདིར་ཞགས་པ་ལྟ་བུར་གྱུར་ཏེ། དུས་དེ་ཙམ་ནས་བཟུང་, རང་གཞན་ གྱི་སྡེ་པའི་ཕྱོགས་གཉིས་ཀ་ནས་སློབ་དཔོན་གྱི་ལུགས་དེ་གཞིར་བཞག་སྟེ་
SR No.004342
Book TitleNyaypraveshsutram Nyaypraveshvrutti Sahitam
Original Sutra AuthorN/A
AuthorAa Sempa Dorje
PublisherKendriya Uccha Tibbati Shiksha Samsthan
Publication Year1983
Total Pages428
LanguageTibatian
ClassificationBook_Other
File Size23 MB
Copyright © Jain Education International. All rights reserved. | Privacy Policy