________________ // །དཔར་སྐྲུན་པའི་ཆེད་བརྗོད། / །སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་བ་ལ་འཇུག་ བ་འདི་བཞིན་ནང་པའི་ཚད་གཞུང་གི་སློབ་གཉེར་ལ་མཁོ་བའི་གལ་ཆེའི་གཞུང་ཞིག་ - ཡིན་བར་མ་ཟད། ལྷག་པར་གསར་བུ་བ་རྣམས་ལ་མེད་དུ་མི་རུང་བའི་བསྟན་བཅོས་ ཤིག་ཡིན་པ་དང་། བོད་སྐད་དུ་འདིའི་རྒྱ་ནག་འགྱུར་དང་། ཐད་འགྱུར་གཉིས་ བཞུགས་རུང་གཉིས་ཀར་ཆད་ལྷག་དང་། འགྱུར་སྐྱོན་ཇི་སྙེད་ཅིག་འདུག་ཅིང་། བོད་ཀྱི་མཁས་བླུན་མང་བས་རིགས་འཇུག་དང་། རིགས་སྒོ་གཅིག་ཏུ་བཟུང་བའི་ འཁྲུལ་རྟོག་རེ་ཟུང་ཡང་བྱུང་ཡོད་ཁར། རིགས་འཇུག་གི་འགྲེལ་བ་ཚད་ལྡན་གང་ ཡང་བད་དུ་འགྱུར་མེད་སྟབས་འདིའི་སློབ་གཉེར་ཐོག་དཀའ་ངམ་ཡོང་ཆུས་མ་..... བརྟེན༑ སློབ་དབན་སེམས་དཔའ་རྡོ་རྗེས་མ་མང་ངམ་མེད་བརྩོན་བ་བསྐྱེད་དེ་ བོད་འགྱུར་གྱི་ཚད་མ་རིགས་འཇུག་ལ་རྒྱ་གཞུང་དང་གཏུགས་ཏེ་ཞུ་ཆེན་ཡང་དག་བ.. བགྱིད་བ་མ་ཟད། སེང་བཟང་ལྷ་ལྡན་གྱིས་བརྩམས་པའི་འགྲེལ་བ་ཁྱད་འཕགས་ དེ་ཉིད་ཆ་ཚང་བོད་སྐད་དུ་གསར་བསྒྱུར་མཛད་དེ། བོད་ཀྱི་ཚད་མ་བ་ཚོར་ཕན་ ཐོག་རླབས་ཆེ་ཞིག་མཛད་འདུག་པ་དང་། / ལྷག་བར་ལེགས་སྦྱར་ནས་བོད་སྐད་དུ་བསྟན་བཅོས་བསྒྱུར་བའི་ལམ་སྲོལ་ འདས་བའི་མི་ལོ་བདུན་བརྒྱ་ལྷག་རིང་རྒྱུན་ཆད་དུ་སོང་བ་དེ་ཡང་བསྐྱར་གསོས་ཀྱིས་ འཕགས་བོད་རིག་གཞུང་གི་སློབ་གཉེར་བ་བློ་གསར་རྣམས་ལ་བློ་སྤོབས་བསྐྱེད་་ བར་མཛད་འདུག